| | e-texts navigator
|
17a1 དགོངས་པ་གང་། ཐུགས་རྗེས་བདག་ལ་གསུངས་མཛོད་དེ།། ངེས་པའི་དོན་ལ་དགོང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཡེ་ཤེས་གསལ་བར་འགྲེལ་པ་ཞེས་བྱ་བའི་ཏིང་ངེ།
17a2 འཛིན་ལ་གནས་ནས།། འདི་སྐད་ཅེས་གསུངསོ།། ཀྱཻ་སེམས་དཔའ་ཆེན་པོ་དེ་ལེགས་པར་ཉོན་ཅིག། རྫོགས་ཆེན་སེམས་ཀྱི་རང་བཞིན་ལ།། དངོས་ལ་དབྱེ་བ་མི་གནས་ཀྱང་།། བསམ་པའི་རྟོགས་པའི་ཁྱད་པར་གྱིས།། རྣམ་པར་དབྱེ་བའི་ཚུལ
17a3 གྱིས་མཚོན།། དེ་ཉིད་གཞི་དང་འཇུག་བྱེད་ལམ།། རིན་ཆེན་ལྷུན་གྲུབ་འབྲས་བུར་བཤད།། གདོད་ནས་དབྱེར་མེད་རང་བཞིན་ནི།། ཀུན་གཞི་རིག་པའི་འོད་གསལ་དེ།། མ་བཅོས་རང་གསལ་ལྷན་གྲུབ་པ།། བཞི་པས་གཞི་ཉིད་དུ་རྫོགས་ལུང
17a4 བ་ཤད་ཏུ་འཇུག་པ་ཐབས་ཀྱི་ལམ་འདི་ཉིད།། བརྡའ་སྤྲད་གསང་བ་རིག་པའི་ཐབས།། ལྷ་དང་ཏིང་འཛིན་སྤྱོད་པ་དང་།། དམ་ཚིག་དབང་དང་སྒྲུབ་པ་དང་།། དཀྱིལ་འཁོར་འཕྲིན་ལས་སྒྲུབ་པ་ཡིས།། རྩོལ་བྲལ་རིག་པ་ཉིད་ལ་སྦྱོར། རང་གསལ
17a5 ཐེག་པའི་སྙིང་པོ་ལ།། གཉིས་འཛིན་རིག་པ་མི་གནས་ཀྱང་།། རང་གས་ལང་ཤེས་རབ་གཉིས་གསལ་བས།། ལྟ་བ་གཟའ་གཏད་བྲལ་པོའི་ཁུང་ཀ། གཉིས་པ་སེམས་ཡུལ་རིག་པོས་བསྟན།། གཉིས་པ་རིག་པ་གོམས་པ་ཡིས།། བརྡ
17a6 ཕྲད་རེག་པའི་གདེང་ཅན་གྱིས།། ཏིང་འཛིན་རང་གསལ་ལུང་འཇུག་པས།། གསུམ་པ་ཏིང་འཛིན་གཏེར་གྱི་ལུང་།། ལྷ་དང་ཏིང་འཛིན་ག་དེང་ལྡན་པས།། རང་གསལ་ཉག་ཅིག་མ་རྟོགས་པ།། མེད་ཕྱིར་ལྟུང་བའི་འཇིགས་མེད་པས།། དྲུག་པ
iiif viewer powered by OpenSeadragon
16b - 17b