| | e-texts navigator
|
15b1 རིག་པས་གངས་པར་བྱ།། མི་གཡོ་རིག་པའི་དཀྱིལ་འཁོར་དུ།། ཅི་ཡང་ཡིན་ནོ་གང་ཡང་རུང་།། འཛིན་མེད་རིག་པ་མངོན་སུམ་དབྱིངས།། མ་བསྒྲུབས་ལྷུན་གྱིས་གྲུབ་པ་ལ།། བརྩལ་ཞིང་བསྒྲུབ་པར་གདོད་ནས་སྟོང་།། ཞེས་གསུ།
15b2 སོ།། ཉ་མོ་འཁོར་ལོའི་རྒྱུད་ལས།། སྒྲུབ་མེད་ལྷུན་རྫོགས་ཀྱི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་ལ་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པོ།། དུག་གསུམ་མ
15b3 བཙལ་བྱང་ཆུབ་སེམས།། འགྱུར་མེད་སེམས་ཀྱི་རང་བཞིན་ལ།། བགྲོད་མེད་ལྷུན་གྲུབ་གསུང་ཉིད་ཀྱིས།། ལམ་གྱི་རང་བཞིན་གསལ་བར་གསུངས།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷན་གྱིས་གྲུབ་པས་འདི་སྐད
15b4 ཅེས་གསུངསོ།། ཀྱེ་སེམས་དཔའ་ཆེན་པོ།། བརྩལ་མེད་སེམས་ཀྱི་རང་བཞིན་ལ།། བརྩལ་ཞིང་སྒྲུབ་པ་ཞེན་པའི་ཆོས།། བགྲོད་བྲལ་སེམས་ཉིད་རྫོགས་པ་ལ།། ལམ་ལྔས་བཅུ་རྟོགས་པའི་ནང་།། མཐའ་བྲལ་ན་མཁའི་རང་བཞིན
15b5 ལ། བགྲོད་པས་ཕྱིན་པར་ག་ལ་འགྱུར།། མ་བགྲོད་ལྷུན་རྫོགས་སེམས་ཀྱིས།། རང་བཞིན་གྲུབ་པས་བཅོས་པ་མེད།། གདོད་ནས་དག་པས་སྒྲིབ་མི་སྦྱང་།། ལྷུན་གྱིས་གྲུབ་པས་ཚོགས་མི་བསོག། ཟག་མེད་སེམས་ཀྱི་རང་བཞིན་།
15b6 ལ། སྒོ་དང་བསྐུར་བ་ཞི་བའི་ས།། ཀུན་འདུས་སེམས་ཀྱི་མེ་ལོང་ལ།། རིན་ཆེན་འཕྲུལ་གྱི་ཉམས་ལྡན་པས།། མ་བགྲོད་རིག་པའི་ས་ལ་སྦྱོར།། རྫོགས་པ་སེམས་ཀྱི་རང་བཞིན་ལ།། རྩལ་མེད་ཆེ་བའི་ཡོན་ཏན་རྣམས།། རང་བྱུང
iiif viewer powered by OpenSeadragon
15a - 16a