| | e-texts navigator
|
5b1 བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད།། སྐུ་དང་ཡེ་ཤེས་ཚིག་ལས་གྲོལ། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། སྙིང་པོ་ཀློང་ནས་གྲོལ་བ་ལྔ།། མངོན་སུམ་རྗེས་དཔག་ལོག་པར་རྟོག། རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ།། ཅི་སྟེ་བྱ་བ་རྩལ་བྲལ་བའི་ཕྱིམ།
5b2 སྐྱེས་པ་སྐྱེ་མེད་བློ་ལས་འདས།། སྒྲ་དང་ཚིག་གི་མཐའ་ལས་གྲོལ།། སྟོང་པ་ཡེ་ཤེས་སྙིང་པོར་ཤར།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་དགུ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩ
5b3 པ། ཐམས་ཅད་བྱང་ཆུབ་སེམས་ཡིན་ཏེ།། འཛིན་པའི་ཤེས་པར་ཡོད་པའི་ཕྱིར།། ཚོར་བ་ཉམས་སུ་མྱོང་བའོ།། སྣང་བ་སེམས་ཉིད་རྒྱན་ཤར་བས།། སྣང་བའི་བར་དོ་སྟོང་རྒྱས་ཐེབས།། བསམ་གཏན་གཉིད་གཉིས་རོལ་མཉམ་ཕྱིར།། རྨི་ལཾ
5b4 བར་རོ་རྣམ་པར་དག། སྐྱེ་ཤི་མེད་པའི་དོན་རྟོགས་པས།། འཚིག་བར་དྲོ་བདེ་ཆེན་ཀློང་།། ཕྱི་མ་བདེ་བ་མཆོག་ཐོབ་པས།། སྲིད་པའི་བར་རོ་ལུས་མི་ལེན།། ལུས་མེད་ལུས་དེ་ལུས་ཀྱི་མཆོག། སྤྲུལ་པའི་སྐུ་དེ་རྣམ་པར་དག། མ་རྟོགས་མོས་པའི
5b5 རྣལ་འབྱོར་ཀྱང་།། ཅི་སྟེ་ལས་ཀྱི་དབང་འགྱུར་ན།། བདེ་བ་མཆོག་གི་ལས་འཕྲོ་འཐུད།། ལས་ལས་གྲོལ་ན་ཐར་པའི་མཆོག། ཇི་ཙམ་པའི་ཚིག་བརྗོད་ཀྱང་།། སེམས་ལས་གུད་ན་ཡོད་མ་ཡིན།། ཕོ་མོ་མ་ཡིན་མ་ནིང་མིན།། ཁ་དོག་དབྱིབས
5b6 དང་མཚན་མ་མེད།། འདས་དང་མ་འོངས་དེ་ལྟ་མེད།། གཅིག་དང་ཐ་དད་ལས་གྲོལ་བ།། དྲན་པ་དངོས་མེད་རིག་པའི་རྒྱུན་།། རླུང་ལ་བརྟེན་ཅིང་རྒྱུན་མེ་ཆང་།། ནམཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། བྱང་ཆུབ་སེམས་ཀྱི་ལེའུ་སྟེ
iiif viewer powered by OpenSeadragon
5a - 6a