| | e-texts navigator
|
4b1 སྣང་སྲིད་ཐིག་ལེ་གཅིག་དུ་རྫོགས།། དྲན་པ་བཞི་བཞེངས་ཡོངས་སུ་རྫོགས།། རྒྱ་ཆད་ཕྱོགས་ལྷང་མེད་པའོ།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། ནམ་མཁའ་མཛོད་ཀྱི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ
4b2 ལྡན་བཀའ་སྩལ་པ།། རང་རིག་བདེ་བ་ཆེན་པོ་ལ།། བསྒོམ་ཡོད་བསྒོམ་མེད་གཉིས་སུ་མེད།། མིང་ཙམ་དོན་དམ་བདེ་ཆེན་དང་།། མ་བཅོས་མ་ཡེངས་རང་སར་གྲོལ།། དྲན་པ་རང་གྲོལ་བདེ་ཆེན་ཀློང་།། སོ་མ་ལྷུག་པ་གྱིན་དྷ་ཙམ།། མིང་ཙམ
4b3 བསྒོམ་ཞེས་དེ་ལ་བྱ།། དྲན་རིག་ཤེས་པ་མ་འགགས་ལ།། འཛིན་རིག་ཡུལ་ལས་རྣམ་པར་གྲོལ།། མ་བྱུང་མ་སྐྱེས་གཡོས་པ་མེད།། སྤྲོས་བྲལ་བསམ་འདས་བརྗོད་མེད་རྫོང་།། མཉམ་ཉིད་རྣམ་དག་བདལ་བའི་ཀློང་།། མཁའ་འདྲ་ཡིས
4b4 ལྷུན་གྱིས་གྲུབ།། མ་བརྩལ་རང་བཞག་རྙོག་མ་མེད།། ལྷུན་གྲུབ་རྟོགས་པས་བྱ་བརྩལ་བྲལ།། ཡེ་ནས་རང་བྱུང་ཡེ་ཤེས་ལ།། འཁྲུལ་དང་མ་འཁྲུལ་རྟོག་ལས་འདས།། རྟོག་འདས་དོན་གྱི་ཡིས་ལ།། བསྒོམ་བྱ་ཆོས་ཉིད་གུད་ན་མེད།
4b5 བསྒོམ་པ་མིང་དུ་བཏགས་པས་ནོར།། ཅི་སྟེ་སྨྲ་བསམ་བརྗོད་ལས་འདས།། རྣམ་རྟོག་གཉེན་པོར་མི་རྟོག་བསྒོམ།། དེ་ཀ་རྟོག་པ་ཆེན་པོ་ཡིན།། མཐོང་ཚོར་དེ་ཉིད་ཀློང་དུ་ཤར།། ཡིད་ལ་མི་བྱེད་བདེ་བ་ཆེ།། ནམ་མཁའ་དང་མཉམ་པ་ཡི་གེ
4b6 མེད་པའི་རྒྱུད་ལས།། བདེ་ཆེན་གསལ་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། བླང་དོར་མེད་པའི་ཡེ་ཤེས་ནི།། སྐྱེ་མེད་འགག་མེད་ཆོས་ཉིད་ཀློང་།། བྱ་བྲལ་ལྷུན་རྫོགས་བློ་ལས་འདས།
iiif viewer powered by OpenSeadragon
4a - 5a