| | e-texts navigator
|
48b1 དམིག་མེད་ཡེ་ཤེས་སུ་སྣང་བའོ།། ཉིད་གསུམ་སྤྲོས་མེད་བྱང་ཆུབ་སྙིང་པའི། ཀློང་དུ་སྣ་དུ་ག་ལ་གསུམ་སྐྱེ། ཁྱབ་བདལ་གྱི་སེམས་ཉིད་བྱང་ཆུབ་སྣང་པར་སྣང་བ་དང་། ཡང་བའི་ཆོས་ཉིད་ཆོས་ཀྱི་དབྱིངསུ་སྣང་བ་ད།། །
48b2 ནམ་མཁའི་མཚན་ཉིད་སྤྲོས་པ་མེད་པར་སྣང་བའོ།། །། སྐབས་གསུམ་པ་ལ་ལྔ་སྟེ། ཆོས་སྐུ་རྟོག་མེད་ཀྱི་གདམ་ངག་དང་། སྤྲུལ་སྐུ་འགག་མེད་ཀྱི་གདམ་ངག་དང་།། ལོངས་སྐུ་གཉིས་མེད་ཀྱི་གྲདམ་ངགཱ་དང་། སྐུ་གསུཾ
48b3 ཚིག་ཆོད་ཀྱི་གང་མ་ངགྲ་དང་། སྐུ་བཞི་དོན་གྱི་གདམ་ངག་གོ།། དེ་ལ་བཞི་སྟེ། བསམ་འདས་ཆོས་ཀྱི་སྐུ། བརྗོད་མེད་ལོངས་སྐུ། རང་གྲོལ་སྤྲུལ་པའི་སྐུ། ཀུན་ཏུ་བཟང་པོ་དབྱེའ་བ་མེད་པའི་ས་སྐྱེ་མེད་རྡོ་རྗེ་ལྟ་བུའོ་སྐུའོ།། །
48b4 སྐབས་བཞི་པ་ལ་གཉིས་སྟེ། རྫོགས་ལུགས་ལྔའི་གདམ་ངག་དང་། ཉམས་མྱོང་གསུམ་པའི་གདམ་དོག་གོ།། རྫོགས་ལུགས་ལེ་ལྔ་སྟེ་དཀྲུས་ན་གསལ་ལོ།། ཉམས་མྱོང་གསུམ་པ་ལ་གསུམ་སྷོ། དང་པོ་གནས་པའི
48b5 གནས་ལུགས། བར་དུ་རྟོགས་པའི་རྟོགས་ལུགས། ཐ་མ་གྲོལ་བའི་གྲོལ་ལུགས་སོ།། སྐབས་ལྔ་པ་ལ་གསུམ་སྟེ། ཤེས་རབ་རྩལ་གྱི་གདམ་ངག་དང་། རིག་པ་ཀློང་གི་གདམ་ངག་དང་། ཡེ་ཤེས་རང་ས་ཟིན་པའི་གདམ
48b6 དགོཿཤེས་རབ་རྩལ་ལ་བཞི་སྟེ། ལྟ་བ་རྫོང་གི་པདམ་དག། བསྒོམ་པ་ཉམས་ཀྱི་གདམ་དག། སྤྱོད་པ་འགག་མེད་གདམ་ངག། འབྲས་བུ་སྐྱེ་མེད་གདམ་ངག་གོ།། རིག་པ་ཀློང་ལ་གཉིས་ཏེ། རང་བཞིན་རྫོགས་པ་ཆེན་པོ་དང་།
iiif viewer powered by OpenSeadragon
48a - 49a