| | e-texts navigator
|
37a1 པ་དབྱེ་བ་ན་གཉིས།། སྤྲོས་བྲལ་ཕུན་སུམ་ཚོགས་པ་དང་།། རོལ་པ་དྲིས་ལན་བསྟན་པའོ།། ཕུན་སུམ་ཚོགས་པ་དྲུག་ཡིན་ཏེ།། རྟོག་ལྡན་དུས་ཀྱི་མན་ངག་དང་།། ཆོས་ཉིད་གནས་ཀྱི་གདམ་ངག་དང་།། སྐྱེ་མེད་སྟོན་པའི།
37a2 གདམ་ངག་དང་།། ཡེ་ཤེས་འཁོར་གྱི་གདམ་ངག་དང་།། དབྱེར་མེད་སྡུད་པའི་གདམ་ངག་དང་།། རྨད་འབྱུང་བསྟན་པའི་གདམ་ངག་གོ།། ཞུ་ལན་ལ་ནི་རྣམ་པ་གསུམ།། ཚིག་གསུམ་འཁོར་གྱིས་ཞུས་པ་དང་།། བཅུ་གཉིས་སྟོན་པས་ལན
37a3 བཏབ་དང་།། རྒོལ་རྩོད་ཚུལ་ཞུས་ཤེས་པར་བྱ།། དེ་ནས་ཡང་དག་བཤད་པར་བྱ།། རྒྱུད་ཀྱི་དངོས་པོ་གསུམ་དུ་བསྟན།། གཞི་དང་ལམ་དང་འབྲས་བུ་གསུམ།། རེ་རེ་ལ་ཡང་བཞི་བཞི་སྟེ།། རྣམ་པར་དབྱེའ་བ་བཅུ་གཉིས་སོ།། །
37a4 ལེའུ་གཉིས་པ་གསུམ་དུ་བཤད།། ཀློང་ཆེན་དགུའི་གདམ་ངག་དང་།། དག་པ་ཉེ་ཅིག་གདམ་ངག་དང་།། གནམ་ས་ལྟོ་སྦྱོར་གང་མ་དག་གོ།། དང་པོ་དང་པོའི་བདུན་ཡིན་ཏེ།། ཐོག་མའི་གཉིས་ལ་དེ་ཉིད་གདགས།། ཐ་མའི
37a5 ཅིག་ལ་གོང་དུ་ཀློང་།། གསུམ་གྱི་དོན་རྒྱས་རྣམ་པར་བརྒྱན།། གཉིས་པ་གཉིས་པའི་བརྒྱུད་ཡིན་ཏེ།། བཞི་བཞིའི་ཐ་མ་དག་ན་ནི།། རང་བཞིན་དང་ནི་དག་པའི་ཆོས།། རེ་རེ་ལ་ཡང་རྒྱན་པར་བྱ།། ཐ་མ་ཆིག་ཤད་ཕྱེད་དང་གསུམ
37a6 ལྟ་བསྒོམ་སྤྱོད་འབྲས་རྣམ་པ་བཞིར།། རྫོང་གཉིས་དང་ནི་རིམ་པས་སྦྱར།། ཕྱེད་ཀྱིས་བཞི་ལ་རྣམ་པར་རྒྱན།། དེ་ནས་ཡང་དག་བཤད་པར་བྱ།། གསུམ་པ་ལ་ནི་བཞི་རུ་བཤད།། ལྷུན་གྲུབ་ཀུན་ཁྱབ་རྣམ་པར་དག། ལྷ་མ་གྲུབ་རྣམ་པ་གསུ
iiif viewer powered by OpenSeadragon
36b - 37b