e-texts navigator
Collection
Volume
Page
Wylie

35a1 སྐུའི་དོན། མཉམ་པར་ཤེས་པས་ཆོས་སྐུའི་རྩལ།། ཆོས་སྐུ་ཀུན་བཟངས་ཐིག་ལེའོ།། །། མ་ཧཱ་ཀ་རུ་ན་མུ་ནེ།། ཐུགས་རྗེས་ཟིན་པས་རྩོལ་མེད་ཚིག། བདེ་ཆེན་དང་གནས་རྩོལ་བྲལ་དོན།། བྱ་བྲལ་རྩོལ་བ་མེད་པའི
35a2 རྩལ། ཡོངས་སུ་རྫོགས་པས་བདེ་བ་ཆེ།། ཐུགས་རྗེ་ཡེ་ཤེས་ཐིག་ལེའོ།། །། ནིར་བི་ཀ་ལ་པོ་ནིར་བྷོ་ག། ལྷུན་གྲུབ་བྱ་བརྩལ་བྲལ་བའི་ཚིག། རྟོགས་པའི་ཀླུང་ཆེན་ལྷུན་གྲུབ་དོན།། ལྷུན་གྲུབ་གཞན་ནས་མ་སྙེད་རྩ་ལ།། སྙིང་པོ་ལྷུན་གྱིས་གྲུབ
35a3 པས་ཆེ། ལྷུན་གྱིས་གྲུབ་པའི་ཐིག་ལེའོ།། དྷོ་ཧ་བཛྲ་གི་ཏ་མ་ཀོ་ལླ་ཨ་ཧོ།། །། སྐུ་གསུམ་སྟོན་པ་ནས་རྒྱུད་པའི།། དྲུག་ཚན་ལྔའི་གདམ་ངག་འདི།། བློ་རབ་འགའི་སྤྱོད་ཡུལ་ལས།། བློ་དམན་རྣམས་ཀྱི་དུག་དུ་འགྱུར།། འཁོར
35a4 བརྩད་ནས་གཅོད་པ་རྡོ་རྗེ་སེམས་དཔའི་ནམ་ངག་ཅེས་བྱ་བ།། སློབ་དཔོན་ཤྲི་སིང་ངས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ།། སཾ་ས་ར་མུ་ལ་ཚེ་དྷ་ཀན་ཚ་བིན་དུ་དྷེ་ཤ། བོད་སྐད་དུ། འཁོར་བརྩད་ནས་གཅོད་པ་གསེར་གྱི་ཐིགས
35a5 པའི་མན་ངག། འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ།། ཨ་ཏི་ཡོ་ག་མ་སྐྱེས་ཨ། རྨད་འབྱུང་རྡོ་རྗེ་ཀུན་གྱི་གཞི།། གཅུ་གཉིས་རོལ་བ་རྨད་དུ་བྱུང་།། འཁོར་བའི་སྡུག་བསྔལ་རྩ་དེ་ནས་གཅད།། མན་ངག་གསེར་གྱི་ཐིགས་པའོ།། ། དྷརྨ་ཙ
35a6 པྲ་ཏི་ཧཾ།། ལེ་རྩེ་བཅུ་གསུམ་རྡོ་རྗེ་རྩེ།། ལེའུ་བཅུ་གསུམ་མན་ངག་ཐེས།། ལྔ་ཚན་ལྔ་ལ་གདམ་ངག་ལྔ།། བཞི་སྐོར་གསུམ་ལ་གཏན་ཚིག་བཞི།། རྒྱན་བརྒྱད་ཀྱིས་ནི་རྣམ་པར་བསྲེགས།། འཁོར་ལོ་གསེར་གྱི་ཐིགས་པའོ།། ། ཛྙཱ་ན་དྷ་ཀི་ཏད་ཏྲ་ཨ




iiif viewer powered by OpenSeadragon

34b - 35b

Texts on this page

Gbr002.11 - 'khor ba rtsad nas gcod pa rdo rje sems dpa'i man ngag
Gbr002.12 - 'khor ba rtsad nas gcod pa gser gyi thig pa'i man ngag