e-texts navigator
Collection
Volume
Page
Wylie

34a1 དྲན་པ་གཞི་བཞེངས་ལྟ་བའི་རྫོང་།། རང་བཞིན་རྣམ་པར་དག་པའི་ཕྱིར།། ཤེས་བྱ་རྩིས་ཟིན་ལྟ་བའི་འཕྲད་།། ཁོ་ན་ཉིད་དུ་རྒྱས་ཕེབས་ཕྱིར།། ཅིག་ཤེས་ཀུན་གྲོལ་ལྟ་བའི་ཀློང་།། ཆོས་ཀུན་དུ་མ་རོ་གཅིག་ཕྱིར།། རང་འབྱུང་།། །
34a2 ཡེ་ཤེས་ལྟ་བའི་རྡེ་།། རྒྱུ་རྐྱེན་མཐའ་ལས་གྲོལ་བའི་ཕྱིར།། སྐྱེ་མེད་ཚིག་ཅིག་ལྟ་བའི་ལྷ།། གོ་རྟོགས་དུས་ཅིག་ཤར་བའི་ཕྱིར།། ། ས་མ་ཏྲི་ཨ་རོ་མུ་ཁཾ།། མཐོང་ཚེར་དེ་ཉིད་བསྒོམ་པའི་རྗོང་།། ཚོགས་དྲུག་རང་སར་གྲོལ་བའི་ཕྱིར།། དུས་བཞི་མཉམ
34a3 སྦྱོར་བསྒོམ་པའི་འཕྲང་།། དུམ་བུ་རྒྱུན་པར་སོན་པའི་ཕྱིར།། ཟབ་མོ་ཉམས་དྲུག་བསྒོམ་པའི་ཀློང་།། འགྲོ་དྲུག་གཡངས་ས་ཆོད་པའི་ཕྱིར།། ཡེ་ཤེས་རང་སྣང་བསྒོམ་པའི་རྗེང་།། མཚན་མ་རང་སར་གྲོལ་བའི་ཕྱིར།། ཤེས་བྱ་ཚིག་ཆོད་བསྒོམ
34a4 པའི་ལྷ།། ཐམས་ཅད་ཐིག་ལེར་རྫོགས་པའི་ཕྱིར།། ཙཎྱ་ཨ་རོ་མུ་ཁོ།། ཐུག་ཕྲད་རང་གྲོལ་སྤྱོད་པའི་རྫོང།། ཆོས་ཉིད་བྱ་བརྩལ་བྲལ་བའི་ཕྱིར།། སྒོ་གསུམ་རོལ་པ་སྤྱོད་པའི་ཕྲེང་།། བདེ་བ་ཆེན་པོར་ཤར་བའི་ཕྱིར།། ཚོར་བ་རྗེས་མེད་སྤྱོད་པའི
34a5 ཀློང་།། དྲན་པ་ཆོས་ཉིད་ཐིམ་པའི་ཕྱིར།། ཡེ་ཤེས་ཟད་ཐལ་སྤྱོད་པའི་རྡེང་།། སངས་རྒྱས་དགོངས་པ་ཡིན་པའི་ཕྱིར།། འདའ་ཀ་ཤིང་ཁྲོད་སྤྱོད་པའི་ལྷ།། རིག་པ་མཁའ་རྟིང་མེད་པའི་ཕྱིར།། ཕ་ལམ་ཨ་རོ་མུ་ཁམ།། སྐྱེས་པ་སྐྱེ་མེད་འབྲས
34a6 བུའི་རྫོབ། མིང་ཚིག་བློ་ལས་འདས་པའི་ཕྱིར།། གབ་པ་ཚིག་བཞི་འབྲས་བུའི་འཕྲང་།། སྐུ་བཞི་རྣམ་པར་དག་པའི་ཕྱིར།། བྱ་མེད་བློ་འདས་བུའི་ཀློང་།། རྒྱ་ཆད་ཕྱོགས་ལྟུང་མེད་པའི་ཕྱིར།། ཡེ་ཤེས་སྤྱི་བླུགས་འབྲས་བུའི་རྡེང།། རང་དག




iiif viewer powered by OpenSeadragon

33b - 34b

Texts on this page

Gbr002.10 - 'khor ba rtsad nas gcod pa bdud rtsi dri med man ngag