| | e-texts navigator
|
33b1 སུ་མེད་པ་ལོངས་སྤྱོད་སྐུ།། མཚན་ཉིད་དབྱེར་མེད་ཆེན་པོའི་ཕྱིར།། སྐུ་གསུམ་རྫོགས་པས་ཐིག་ལེར་གཅིག། བློ་རྟོག་ཆོས་ཉིད་གྲོལ་བའི་ཕྱིར།། ན་བྷི་ལ་བྷ་བི་བ།། །། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། དུས་གསུམ་དུས
33b2 མེད་རྟོགས་པའི་ཕྱིར།། རྟག་པ་དོན་བྱེད་དག་གིས་སྟོང་།། རིམས་དང་ཅིག་ཅར་གནོད་པའི་ཕྱིར།། ཆད་པ་གཉིས་འཛིན་ཤེས་པར་ཡོད།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར།། སློབ་མ་བསེ་རུ་རྒྱལ་སྲས་དག། སློང་འགེགས
33b3 སྐྱོང་བས་སྒྲིབ་པའི་ཆོས།། སྒྱུར་དང་སྤྱོད་ལྔ་ཕྱི་ནང་ནི།། རྩོལ་བས་ཟིན་པས་གོལ་བའི་ལམ།། ཨ་ཏི་ཡོ་ག་བྱ་བརྩལ་བྲལ།། གཏན་ཚིག་དྲུག་སྐོར་མུ་བཞིའི་བཅུད།། ཡང་གི་མདུང་སྐོར་བརྡའ་དང་འབྲེལ།། ཏོག་གེའི་སྤྱོད
33b4 ཡུལ་མ་ཡིན་ནོ།། དྷོ་ཧ་བཛྲ་གཽ་ཏ་མ་ཀོ་ལླ་ཨཾ་ཧོཿ།། ། སྐུ་གསུམ་སྟོན་པ་ནས་བརྒྱུད་པའི།། ཤེས་བྱ་བཞི་སྐོར་གདམ་ངག་འདི།། བློ་རབ་འགའི་སྤྱོད་ཡུལ་ལས།། བློ་སྨན་རྣམས་ཀྱི་དུག་དུ་འགྱུར།། འཁོར་བ་བརྩད
33b5 ནས་སྤྱོད་པ་གཏན་ཚིག་འཁོར་ལོའི་མ་མངག། སློབ་དཔོན་ཤྲི་སིང་ངས་མཛད་པ་རྫོགས་སོ།། @#།། རྒྱ་གར་སྐད་དུ། སཾ་སར་མུ་ལ་མཽ་དྷ་བྷི་མ་ལ་ཨ་མྲྀ་ཏ་དྷྭེ་ཤ། བོད་སྐད་དུ། འཁོར་བ་བཅད་ནས་གཅོད་པ
33b6 བདུད་རྩི་དྲི་མེད་ཀྱི་མན་ངག། འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ།། ཨ་ཏི་ཡོ་ག་མ་སྐྱེས་ཨ།། རིས་མེད་ཀུན་གྱི་དངོས་གཞི་འདི།། དེ་དོན་མ་རྟོགས་ཁམས་གསུམ་འཁོར།། དེ་ཕྱིར་འཁོར་བ་བརྩད་གཅོད་བསྟན།། ཏིཥྛ་ཨ་རོ་མུ་ཁམ
iiif viewer powered by OpenSeadragon
33a - 34a