e-texts navigator
Collection
Volume
Page
Wylie

32b1 མི་འགྱུར་ཆོས་སྐུའི་རྫོབག། ཡེ་བདལ་བྱང་ཆུབ་སེམས་ཀྱི་ཀློང་།། ཀུན་རྫོགས་མཐའ་བྲལ་གཉིས་མེད་ཆོས།། གཉིས་མེད་ཡང་དག་བླ་ན་མེད།། ཐེག་པ་ཀུན་གྱི་གཙོ་བོ་སྟེ།། ས་རྣམས་ཀུན་གྱིས་ང་བའོ།། དེ་ཉིད་དཔེ་དོན་ཚིག་གསུམ་སྐབས།། ཁྱམ།
32b2 བདལ་ཆེན་པོའི་ས་ཆེན་འདི།། ན་མཁའ་ཆེན་པོའི་ཀློང་ཆེན་བཞིན།། ཁྱབ་བདལ་མི་འགྱུར་ཡངས་པའི་ཀློང་།། མ་ཀི་ཏའི་རྒྱ་མཚོ་བཞིན།། བདེ་ཆེན་གཉིས་མེད་ཀུན་རྫོགས་གྲོལ།། ཉི་མ་སྤྲིན་མེད་སྤྱིབ་པོ་བཞིན།། དུས་གསུམ་འགྲིབ་མེད་དེ
32b3 བཞིན་ཉིད།། བརྒྱ་བྱིན་གཙུག་གི་ནོར་བུ་བཞིན།། འདོད་དགུ་འབྱུང་ལ་འགྲན་ཟླ་མེད།། སྐྱེ་མེད་རྟོག་མེད་ལྷན་གྱིས་གྲུབ།། འགྱུར་མེད་འབ་གསལ་རྣམ་པར་དག། མཐའ་བྲལ་འང་གྲོལ་མཚོན་དུ་མེད།། གདུལ་བྱ་དྲང་བ་དོན་གྱི་སྐབས།།
32b4 ཚིག་གསུཾ་དོན་གྱི་འབྲས་བུ་ལ།། ལྟ་བའི་རྒྱལ་པོས་རྒྱབ་ཤ་གཅད།། བསྒོམ་པས་ནང་གི་གྲས་ཐུག་གཅད།། རོ་སྙོམས་སྤྱོད་པས་གཏན་ལ་དབབ།། རང་སྣང་མི་དག་ཐབས་སུ་ཤར།། གཉུག་མའི་དབང་པོ་ལམ་ལས་གྲོལ།། ཁྱབ་བདལ
32b5 ས་ཆེན་ནོན་པའོ།། རྒྱལ་པོ་བཙོན་དུ་བཟུང་བ་དང་།། བདུད་རྩི་ཐིག་པ་ལྕེ་ལ་གཞག། གངས་རི་རྩེ་ནས་བསྙིལ་བ་སྟེ།། ཤིང་རྟའི་གཟེར་མགོ་གཅད་པར་བྱ།། ཐུགས་རྗེ་ཡེ་ཤེས་གདམ་པའི་སྐབས།། ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས
32b6 འདིའི་དོན་ལ་མི་འདུད་པོར།། མི་ཆོས་གཡེང་བའི་ལས་བྱེད་ཅིང་།། སྡང་བ་རང་ཁ་ཐ་མ་ལ་ལུས།། བཀའ་ལ་རས་ཚོད་ཡིད་སྣ་འཚོང་།། གསང་བའི་ཆོས་རྣམས་ཕྱི་རུ་སྒྲ།། འཁྲུལ་པའི་ཆོས་ལ་ཡང་དག་འཛིན།། དོན་དང་འཐུན་པར་ངས་མ




iiif viewer powered by OpenSeadragon

32a - 33a

Texts on this page

Gbr002.8 - ye shes sa gcig chos kyi dbyings