| | e-texts navigator
|
32a1 མེད་བྱང་ཆུབ་སྙིང་པོའི་དབྱིངས།། སྐུ་བཞི་ཚིག་ཆོད་ཆེན་པོའི་སྐབས།། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། ཅིར་ཡང་ཨ་འགགས་སྤྲུལ་པའི་སྐུ།། གཉིས་སུ་མེད་པས་རྫོགས་པའི་སྐུ།། སྐུ་གསུ་རྫོགས་པས་ཐིག་ལེ
32a2 གཅིག། བསམ་འདས་བརྗོད་མེད་རང་སར་གྲོལ།། ཀུན་བཟང་དབྱེའུ་མེད་སྐྱེ་མེད་ས།། བགྲོད་མེད་ཡེ་ཤེས་རྫོགས་པའི་སྐབས།། ཐོབ་བསྒྲུབ་མེད་པས་ཐམས་ཅད་རྫོགས།། སྣང་སྲིད་བྱང་ཆུབ་སེམས་སུ་རྫོགས།། འཁོར་འདས་ཆོས་ཀྱི
32a3 དབྱིངས་སུ་རྫོགས།། སྐུ་གསུཾ་ཐིག་ལེ་ཅིག་དུ་རྫོགས།། ལྷག་མ་མེད་པར་ཡོངས་སུ་རྫོགས།། མི་འགྱུར་མཉམ་ཉིད་དཔེ་དང་བྲལ།། དཔེ་བྲལ་ཡེ་ཤེས་མཚོན་དུ་མེད།། ཅི་ཕྱིར་བསམ་བརྗོད་དམིགས་པ་མེད།། དམིགས་མེད་ཡེ་ཤེས་དང་གསལ
32a4 ཀློང། མི་སྐྱེ་མི་འགག་ཅིར་མི་དགོངས།། གོ་བའི་ཡུལ་ན་བགྲོད་དུ་མེད།། བགྲོད་དུ་མེད་པས་ས་ལམ་རྫོགས།། རྟོགས་ལྡན་ཆེན་པོ་མཆོག་གི་སྐབས།། གཉིས་མེད་རྫོགས་པས་མཐུ་བྲལ་རྫོང་།། དམིགས་མེད་མ་སྐྱེས་དེ་ཉིད་དང་།། འགག་མེད།
32a5 ཨ་ལི་ཀ་ལིར་རོལ།། དབྱེར་མེད་མ་བརྩལ་ལྷུན་གྱིས་གྲུབ།། སྨྲ་བསམ་བརྗོད་མེད་ཚིག་ལས་འདས།། ། མངོན་སུམ་མི་སྣང་ཀུན་ལ་ཁྱབ།། ཁྱབ་བདལ་མ་བཅོས་ཡེ་སངས་རྒྱས།། རང་བཞིན་འོད་གསལ་རྣམ་པར་དག། དེ་ཉིད་ཤེས་ཀྱི་མ་རྟོགས་མ
32a6 གྲོལ།། རྒྱལ་སྲས་བཞིན་དུ་རེ་དོགས་མེད།། དགག་བསྒྲུབ་མེད་པའི་ཡེ་ཤེས་ནི།། རྒྱུ་ཡིས་མ་སྐྱེད་རྐྱེན་དང་བྲལ།། སྟོང་གསལ་དབྱེར་མེད་ཡེ་ཤེས་ཅན།། སྐྱེ་འགག་མེད་པར་རྣམ་པར་དག། ཁྱབ་བདལ་དྲི་མེད་རང་བཞིན་དབྱིངས།། གཉིས་མེད
iiif viewer powered by OpenSeadragon
31b - 32b