e-texts navigator
Collection
Volume
Page
Wylie

31b1 ཆེན་པོའི་སྤྱོད་པ་ནི།། ཅིར་སྣང་བྱང་ཆུབ་སེམས་སུ་སྤྱད།། སེམས་ཉིད་ཆོས་ཀྱི་སྐུ་རུ་སྤྱད།། སྐུ་ཉིད་སྤྱད་བྱ་སྤྱོད་བྱེད་བྲལ།། བྱ་བྲལ་དང་ལ་རྣམ་པར་གནས།། སྐྱེ་མེད་དོན་གྱི་རྣལ་འབྱོར་རོ།། ཐུགས་རྗེ་རོལ་པ་གདམ་པའི་སྐབས།། ཡེ་ཤེས
31b2 འབར་བ་རྣལ་མའི་ཆོས།། ཡང་དག་དོན་ལ་མི་སྤྱོད་པར།། ཚིག་ལ་ཞེན་ཅིང་གྲགས་ཕྱིར་སློབ།། ང་ཁེངས་སྨྲ་ཞིང་དོན་མ་རྟོགས།། ཤེས་ཚུལ་འཆོས་པའི་ཁོང་ཐོག་ཅན།། རང་གིས་རངབ་བསླུས་སྙིང་རེ་རྗེ།། དེ་བས་སྙིང་པོའི་དོན་ལ་སྤྱོད།།
31b3 ཡེ་ཤེས་འབར་བ་ཆོས་ཀྱི་དབྱིངས།། རྡོ་རྗེ་སེམས་དཔས་གསུངས་པ་རྫོགས་སོ།། #།། རྒྱ་གར་སྐད་དུ། ཛྙཱ་ན་བྷཱརྨ་ཨེ་དྷརྨ། བོད་སྐད་དུ། ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས།། དཔལ་རྡོ་རྗེ་སེམས་དཔའ
31b4 ལ་ཕྱག་འཚལ་ལོ།། སྐྱེ་མེད་བློ་ལས་འདས་པའི་སྐབས།། གདོད་ནས་མ་སྐྱེས་དོན་གྱི་ཨ།། ཐོབ་བསྒྲུབ་ཀུན་གྱི་ཡུལ་ལས་འདས།། རེ་དོགས་བློ་ལས་རྣམ་པར་གྲོལ།། སྐྱེ་མེད་བརྗོད་མེད་ཁོ་ནའོ།། མཐའ་བྲལ་གཉིས་མེད་དོན་དམ་ཀློང
31b5 དགག་བྱ་བསླབ་བྱ་རྣམ་པར་དག། མ་སྐྱེས་རྡོ་རྗེ་གཉིས་མེད་དང་།། ཡིད་ལ་མི་བྱེད་བྱ་བརྩལ་བྲལ།། བྱ་མེད་བློ་ལས་འདས་པའི་སྐབས།། མ་བཅོས་སྤྲོས་མེད་ཆོས་ཉིད་ཀློང་།། ཅིང་ཡང་མི་དམིགས་རབ་བཞིན་དག། འདི་ནི་ཁྱབ་བདལ་ཆེན
31b6 པོའི་ས།། བགྲོད་དུ་མེད་པར་ལྷན་གྱིས་གྲུབ།། སྐྱེ་མེད་གཉིས་མེད་སྤྲོས་དང་བྲལ།། སྐུ་ལྔ་ཡེ་ཤེས་ལྔའི་ངང་།། མཐའ་བྲལ་མི་འགྱུར་བདེ་བ་ཆེ།། དམིགས་མེད་ཡེ་ཤེས་རང་སྣང་དང་།། ཁྱབ་བདལ་ཡངས་པས་ན་མཁའི་ཀློང་།། སྤོས




iiif viewer powered by OpenSeadragon

31a - 32a

Texts on this page

Gbr002.7 - ye shes 'bar ba chos kyi dbyings
Gbr002.8 - ye shes sa gcig chos kyi dbyings