e-texts navigator
Collection
Volume
Page
Wylie

28b1 བུ་གསུམ།། མ་སྐྱེས་མ་འགགས་ལྷུན་གྱིས་གྲུབ།། ལྷུམ་གྲུབ་མ་ནོར་དག་པའི་རྫོང་།། ཕྱོགས་མེད་འང་གྲོལ་དོང་སྦུགས་དབྱིངས།། གསལ་ཁྱབ་གཉིས་མེད་བདེ་ཆེན་ཀློང་།། སྐུ་གསུམ་ལྷུན་གྲུབ་སྙིང་པོ་ཨཱ།། རྒྱས་འདེབས་ཕྱག
28b2 རྒྱ་དག་པའི་སྐབས།། མི་འགྱུར་བའི་ལྟ་བ་ལ།། གཡོས་པ་མེད་པའི་རྩི་ཡིས་ཟུང་།། གཡོས་པ་མེད་པའི་ཏིང་འཛིན་ལ།། མ་འགགས་པའི་རྩི་ཡིས་ཞུང་།། མ་འགགས་པའི་སྤྱོད་པ་ལ།། ལྷུན་གྱིས་གྲུབ་པའི་རྩི་ཡིས་ཟུང་།། དོན
28b3 ཀྱི་རྩི་བཞི་གང་གནས་པ།། ལྟ་བའི་དོན་ལ་གནས་པ་ཡིན།། དེས་ན་སྲིད་གསུམ་རྣམ་པར་དག། དེས་ན་འབྱུང་བ་ཡེ་སངས་རྒྱས།། དེ་ན་དུག་ལྔ་སྐུ་ལྔར་ཐིམ།། དེས་ན་འདོད་ཡོན་ཡེ་ཤེས་ལྔ།། ཐམས་ཅད་རྫོགས་པའི་ཆོས་ཆེན་པོ།།
28b4 མི་འགྱུར་ཡངས་པས་དོན་དམ་རྫོང་།། ལྟ་བ་འདི་ལ་གང་གནས་པ།། སངས་རྒྱས་པ་གཅིག་ཀྱང་མེད།། བརྗོད་བྲལ་གཉིས་སུ་མེད་པའི་སྐབས།། ལྟ་བའི་དགོངས་དོན་ཟབ་མོ་འདི།། ཐམས་ཅད་འབྱུང་བའི་མི་ཟད་གཏེར།། ཕས
28b5 ཏོག་གི་ནོར་བུ་བཞིན།། ལྷུན་གྱིས་གྲུབ་ཅིང་ཚང་བའོ།། མི་འགྱུར་ཀུན་རྫོགས་ན་མཁའ་ཆེ།། ཁྱབ་བདལ་ལྷུན་གྲུབ་ཐིག་ལེ་གཅིག། བརྗོད་བྲལ་རང་གྲོལ་གནས་སུ་དག། རྡོ་རྗེ་སེམས་དཔས་མཚོན་དུ་མེད།། གཉིས་སུ་མེད་པའི་དོན
28b6 མཛོད་སྟེ།། ཡང་དག་བདེན་པའི་སྙིང་པོ་ཨ།། ཐུགས་རྗེ་རང་འབྱུང་དམ་པའི་སྐབས།། རྟོགས་ལྡན་འགའི་སྤྱོད་ཡུལ་འདི།། རྨོངས་པ་རྣམས་ནི་སྐྲག་པར་འགྱུར།། བུམ་པ་ནང་གི་མར་མེ་བཞིན།། སྐལ་ལྡན་རྣམས་ཀྱིས་སྦ་བར་བྱ




iiif viewer powered by OpenSeadragon

28a - 29a

Texts on this page

Gbr002.5 - ye shes mdzod chen chos kyi dbyings