e-texts navigator
Collection
Volume
Page
Wylie

28a1 རྩད་ནས་ཆོད། དུག་ལྔ་མ་བསྒྱུར་ཆོས་ཉིད་ཀློང་།། རྩོལ་བསྒྲུབ་མེད་པར་ཡེ་སངས་རྒྱས།། ཡིན་པའི་དོན་ལ་ཡིན་པར་ཤེས།། ངེས་པའི་དོན་ཆེན་ཟབ་མོ་འདི།། རྒྱལ་པོ་རད་ནའི་མཛོད་བཞིན་དུ།། དགོས་པའི
28a2 དོན་རྣམས་འབྱུང་བར་ངེས།། དོན་གྱི་མཛོད་ཆེན་སྙིང་པོ་འདི།། ཀུན་ལ་ཏིལ་མར་བཞིན་དུ་ཁྱབ།། ཁྱབ་འདལ་དོན་འདི་སུས་རྟོགས་པ།། རྒྱལ་སྲས་བཞིན་དུ་དབུལ་བ་སངས།། རྩོད་བྲལ་ཡོངས་སུ་རྫོགས་པའི་སྐབས།། མཁའ་ཀློ།
28a3 རྣམ་དག་ཆོས་ཀྱི་དབྱིངས།། ཀུན་བཟངས་ཡངས་པ་སྐྱེ་མེད་ཀློང་།། ཡེ་ཤེས་ལྔ་སོགས་འོད་ཟེར་འཕྲོ།། རྡོ་རྗེ་སེམས་དཔའ་འདས་མ་བྱས།། དྲག་པའི་ཀློང་ན་བསྲུང་མཚམས་མེད།། མཉམ་པས་རིམ་པར་བཀོད་པ་མེད།། རྟོགས་པས
28a4 ལྟ་བའི་ཡུལ་ལས་འདས།། གསལ་བས་བསམ་གཏན་སྤྲོས་དང་བྲལ།། ཡུལ་ལས་འདས་པས་སྤྱད་དུ་མེད།། ལྷུན་གྱིས་གནས་པས་བསྒྲུབ་དུ་མེད།། མ་ཡེངས་དྲན་པས་རང་སར་གྲོལ།། སྔགས་དང་ཕྱག་རྒྱ་རྣམ་པར་དག། སྟོང་ཉིད
28a5 དཔལ་མཆོད་བཤགས་མེད།། འཁོར་འདས་ཁྱབ་བདལ་ཆེན་པོ་ལ།། འཕྲིན་ལས་རྣམ་བཞི་གདོད་ནས་རྫོགས།། རྫོགས་ཆེན་དབྱིངས་སུ་ཐམས་ཅད་རྫོགས།། ལམ་ལྔ་ཕ་རོལ་ཕྱིན་བཅུ་རྫོགས།། འགྲོ་བ་མུ་སྟེགས་རིམ་དགུ
28a6 རྫོགས།། སྣང་སྲིད་ཐིག་ལེ་གཅིག་ཏུ་རྫོགས།། འཁོར་འདས་བྱང་ཆུབ་སེམས་སུ་རྫོགས།། གསལ་ཁྱབ་ཤེས་བྱ་ཚིག་ཆོད་སྐབས།། དབ་དང་རང་བཞིན་བདག་ཉིད་གསུམ།། དབྱིངས་དང་ཀློང་དང་རྫོང་ཆེན་ནོ།། གཞི་དང་ལམ་དང་འདྲ




iiif viewer powered by OpenSeadragon

27b - 28b

Texts on this page

Gbr002.5 - ye shes mdzod chen chos kyi dbyings