| | e-texts navigator
|
27b1 གཉིས་ལྟ་རང་སར་གྲོལ།། སྐྱེ་བགག་གཉིས་སུ་མེད་པ་ལ།། སྒྱུར་དང་སྤྱོད་ལྔ་རྣམ་པར་དག། མཐའ་བྲལ་ལྷུན་གྱིས་གྲུབ་པའི་སྐབས།། འདི་ནི་ཐམས་ཅད་མཚུངས་པའི་ལམ།། འགྲོ་བ་ཀུན་ལ་རང་བཞིན་གནས།། ཐམས་ཅད་རང་རིག་བྱང་ཆུབ
27b2 སེམས་འདི་ནི་ལུང་གི་ཚད་མའོ།། རྣམ་དག་སེམས་ཀྱི་རང་བཞིན་ནི།། ནམ་མཁའ་བཞིན་དུ་སྤྲོས་དང་བྲལ།། འགྱུར་བ་མ་ཡིན་དྲང་པོར་གསལ།། མ་སྐྱེས་པས་ན་འགག་པ་མེད།། དེས་བརྟགས་ཡོད་དང་མེད་པའི་ཆོས།། མེད་དེ་མེད་པའི།
27b3 སྙིང་པོ་ཅན།། ཡོད་དེ་བརྟག་པའི་མཐའ་ལས་འདས།། མཐའ་ཁྲལ་དོན་གྱི་སྙིང་པོ་འདི།། ཡོད་དམ་བྱས་པས་དངོས་དང་བྲལ།། མེད་དམ་བྱས་པས་རིག་ཅིང་གསལ།། དངོས་བྲལ་རིག་གསལ་ལྟ་བའི་དབྱིངས།། ཡོད་མེད་དབྱེར་མེད་ཕྱོགས
27b4 མ་མ།། སྤང་བྱ་བླང་བྱ་གཉིས་མེད་རྫོང།། བཏང་སྙོམས་མངོན་གྱུར་མེད་པ་ཉིད།། བརྗོད་བྲལ་དྲི་མེད་དག་པའི་ཀློང།། ཁྱབ་བདལ་མ་བཅོས་ལྷུན་གྱིས་གྲུབ།། དོན་དམ་རྣལ་འབྱོར་སྤོད་ཡུལ་འདི།། ཚིག་ལ་ཞེན་པའི་སྤྱོད་ཡུལ་མིན།།
27b5 མདུན་རྒྱབ་ཕྱོགས་རྣམས་གང་མཐོང་བ།། བདེ་ཆེན་ཁོ་ན་ཉིད་དུ་ཤར།། ཐམས་ཅད་ལྷུན་གྲུབ་ཐིག་ལེའི་དང་།། མཚན་མའི་སྤྱོད་ཡུལ་རྟོག་ལས་འདས།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། ཡང་དག་དོན་ལ་གནས་པའི་ཕྱིར།། ཨ
27b6 ཏི་ཡོ་གའི་བདེ་ཆེན་ནི།། འདུ་འབྲལ་གཉིས་མེད་ཀུན་ཏུ་བཟང་།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། བྱ་མེད་བློ་ལས་འདས་པའི་སྐབས།། འཁོར་བ་མ་བཀག་གནས་སུ་དག། མཚན་མ་མ་སྤངས་རང་སར་གྲོལ།། འཁྲུལ་པ་མ་བསལ
iiif viewer powered by OpenSeadragon
27a - 28a