| | e-texts navigator
|
25'a1 རྒྱུད་དྲུག་གནས་སུ་རྣམ་དག་པས།། བརྩལ་བའི་བསམ་པ་བསྐྱོད་པ་མེད།། ལུས་ལ་བསྒྲིབས་པ་མེད་པས་ན།། ཟབ་མོ་དོན་གྱི་མྱུ་གུ་ཡིན།། དེ་ལ་དོགས་མེད་ཀུན་གྱི་གཞི།། དུག་གསུམ་རྩད་ཅོད་བྱང་ཆུབ་སེཾས།།
25'a2 འཁོར་བ་ཐམས་ཅད་བསྒྲལ་བའོ།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། བྱང་སེམས་མྱུ་གུའི་ལེའུ་སྟེ་དགུ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཁམས་གསུམ་ལས་འདས་རིན་ཆེན་དག།
25'a3 བགྲོད་མེད་རྣམ་གྲོངས་ལམ་སྟོན་པ།། གཞན་ནས་རྙེད་པར་མི་འགྱུར་ཏེ།། ཐིག་ལེ་ཆེན་པོ་ཀུན་ཁྱབ་གནས།། རང་འབྱུང་མ་བཅོས་ཡེ་ནས་གསལ།། བཅོལ་བས་བརྩལ་མེད་སྙིང་པོའི་དོན།། རྣམ་སྣང་རྟག་པར་ཀུན་ཏུ་བཟང་།། གཉིས་མེད
25'a4 བདེ་མཆོག་ལྷུན་གྱིས་གྲུབ།། རྟག་ཆེན་བདེ་ལ་རྟག་སྤྱོད་པ།། བདེ་ཆེན་ལོངས་སྤྱོད་རྫོགས་པ་ནི།། འདི་ཤེས་རྣལ་འབྱོར་སྤྱོད་ཡུལ་ཏེ།། དྲང་སྲོང་ཆེན་པོ་རྣམས་ཀྱི་ནི།། སྤྱོད་ཡུལ་ཡིན་ཞེས་ངེས་པར་གསུངས།། རིན་པོ་ཆེ་དང་མཉམ་པ་སྐྱེ
25'a5 བ་མེད་པའི་རྒྱུད་ལས།། ཡིད་བཞིན་ནོར་བུའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། བདེ་བ་ཆེན་པོའི་བྱང་ཆུབ་སེམས།། འགྲོ་བའི་དོན་དུ་འཕྲ་བཀོད་པས།། མ་སྐྱེས་བདེ་བའི་བྱང་ཆུབ་སེམས
25'a6 ཉོམ་མོངས་སྐྱོམ་གྱིས་མ་གོས་ཏེ།། ཚོགས་རྣམས་མ་བསགས་སྐྱེ་མེད་ཀློང་།། བདེ་ཆེན་འཕྲ་བཀོད་ལྷུན་གྱིས་རྫོགས།། ན་མཁའ་བཞིན་དུ་ཀུན་ལ་ཁྱབ།། སེམས་ལ་དམིགས་པའི་ཡུལ་མེད་པས།། ལྟ་བ་ཏིང་འཛིན་གསང་བའི་སྔགས།།
iiif viewer powered by OpenSeadragon
25b - 25'b