| | e-texts navigator
|
3b1 དཔའ་རྡོ་ལྟ་བསྒོམ་ཡུལ་མ་ཚོལ།། རྟོགས་དང་མ་རྟོགས་བློའི་ཡུལ་ལས་འདས།། བསྒོམ་དང་མི་སྒོམ་དམིགས་པའི་ཆ་དང་བྲལ།། སྣ་ཚོགས་སྣང་ཞིང་བདག་པོ་མ་ངེས་པས།། ནོར་དང་མ་ནོར་སེ་དའ་མ་དགོངས་ཅིག།
3b2 གང་ལ་དགོངས་པར་བྱ་བའི་སེམས་འདི་ཞེས།། སེ་དཔའ་རྡོ་རྗེས་གཞན་ལ་ལུང་མ་བསྟན།། དགོངས་པ་འདི་ཞེས་གཞན་ལ་ལུང་བསྟན་ན།། འཁོར་རྣམས་དགོངས་པའི་ཡུལ་ལ་དམིགས་པ་ཡིན།། བློ་ཆོས་འཛིན་པའི
3b3 མཐའ་ལས་མི་གྲོལ་བས།། དེ་བས་དགོངསུ་མེད་པའི་དགོངས་པ་སྟོན།། ཀྱཻ་སེཾ་དའ་ཆེན་པོ་དེ་དགོངས་ཅིག། སྐྱེ་མེད་རང་ཡིན་གཞན་དུ་མ་བསྒོམ་ཅིག། རང་ལ་བལྟ་བའི་ཡུལ་མེད་ལྟ་བའི་ལ་ཡང་ཟློས།། དམ་ཚིག་རང་ཡིན
3b4 གཞན་དུ་མ་བསྲུང་ཅིག། བསྲུངས་པས་རང་བྱུང་ཆོས་ལ་ཕྲ་དོག་བྱས།། རང་བྱུང་ཆོས་རྣམས་ཅི་བྱུང་ཅི་ཤར་ཡང་།། ཕྲ་དོག་མེད་པར་རང་སར་རང་བཞག་ནས།། བསྲུང་དུ་མེད་པའི་དམ་ཚིག་ཀུན་བསྲུངས་ན།། བདག་མེད་དམ་ཚིག་མེད
3b5 པར་ལ་ཡང་བཟླས།། གང་གིས་འཚམས་མེད་ལྔ་ཡིས་ལས་སྤྱད་ཀྱང་།། རང་བྱུང་གཉིས་སུ་མེད་པའི་དོན་རྟོགས་ནས།། ཞུམ་པ་མེད་པའི་སྡང་དང་ལྡན་གྱུར་ནས།། ཀུན་བྱེད་ང་ཡི་དམ་ཚག་ལ་ཟླས་ཡིན།། རྩ་བ་ཡན་ལག
3b6 དམ་ཚིག་གཞུང་བསྲུངས་ཀྱང་།། རེ་དོགས་འཇིགས་པའི་སེམས་དང་མ་བྲལ་ན།། དམ་ཚིག་ལ་གནས་དམ་ཚིག་ལ་མི་ཟློས།། བསྲུང་དང་མ་བསྲུང་དམ་ཚིག་ཡུལ་ལས་འདས།། ཉམས་དང་མ་ཉམས་བློ་ཡིས་བླང་བ་མེད།།
iiif viewer powered by OpenSeadragon
3a - 4a