e-texts navigator
Collection
Volume
Page
Wylie

12a1 པ་གཏད་པ་འདི་གསུངས་སོ།། ཀྱཻ་སེམས་དཔའ་ཆེན་པོ་དེ་ཉོན་ཅིག། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲོས་པ་བཅད་པ་ནི།། བྱང་ཆུབ་སེམས་ནི་བློ་ཡིན་བློ་ཡིས་བསམས་པ་མེན།། བསམས་ཤིང་བརྟགས་པའི་ཆོས།།
12a2 ནི་རིགས་བྱེད་ཡིས་ཡིན།། རང་བྱུང་ཡིས་རང་ཤར་དེ་ལ་མེད་པ་ན།། བློ་ཡིས་བསམས་ཤིང་བསྒོམས་པའི་ཆོས་ལ་རེ་མ་འཇོག། ཆོས་རྣམས་ཀུན་གྱི་ཐག་ནི་བྱང་ཆུབ་སེམས་སུ་བཅད།། མ་བལྟས་མ་བསྒོམས་བསམས་པ་མེད
12a3 པས་ཐག་ཆོད་ན།། དེ་ལ་རང་བྱུང་ཡིས་ཤར་བས་ཐག་དེར་བཅད།། ཆོས་སྐུ་དམིགསུ་མེད་པར་སེམས་དཔས་བློ་ཐག་ཆོད།། འདོད་ཡོན་ལོངས་སྐུ་ཡིན་པར་སེམས་དཔས་བློ་ཐག་ཆོད།། ཕན་སེམས་སྤྲུལ་སྐུ་ཡིན་པར་སེམས
12a4 དཔས་བློ་ཐག་ཆོད།། སྣང་བར་རང་སེམས་ཡིན་པར་སེངས་བློ་ཐག་ཆོད།། སེམས་ལ་གཉིསུ་མེད་པས་བག་ཆགས་སྦྱང་དུ་མེད།། ཡུལ་མེད་རང་གསལ་ཡིན་པར་སེམས་དཔས་བློ་ཐག་ཆོད།། ཐག་ལེ་ཉག་ཅིག་སེམས་ཀྱི་རང
12a5 བཞིན་ཡོན་མོད་ཀྱང་།། ཉག་ཅིག་ཅ་ཡང་འབྱུང་བས་སྤོང་དང་སྒྲུབ་མ་བྱེད།། ཀུན་ཀྱང་ཡོན་ཏན་མཉམ་པར་སེམས་དཔས་བློ་ཐག་ཆོད།། ད་ལྟར་སྣང་བའི་སྒྱུ་ལུས་འདི་ཀུན་སེམས་དཔས་ཇི་ལྟར་དགོངས།། འབྱུང་བའི
12a6 ཆོ་འཕྲུལ་ཙམ་དུ་སེམས་དཔས་དགོངས་མཛོད་ལ།། སེམས་ནི་བླ་མེད་ན་མཁའ་ལྟ་བུར་བློ་ཐག་ཆོད།། ཀྱཻ་སེམས་དཔའ་ཆེན་པོ་དེ་དགོངས་ཤོཤིག། རྩ་རྒྱུད་ལེའུ་ལྔ་བཅུ་རྩ་བདུན་གསུངས་པ་ཡང་།།




iiif viewer powered by OpenSeadragon

11b - 12b

Texts on this page

Gbr001.7 - la zlo gsang ba'i 'khor lo zhes bya ba'i rgyud