e-texts navigator
Collection
Volume
Page
Wylie

11b1 མི་སྲིད། སྔ་མའི་རྒྱགས་ཟད་ཕྱི་མའི་རྒྱགས་ལ་ཁྱོད་བཞིན།། སྔ་མ་གྲོལ་ཞིང་ཕྱི་མའི་འདོད་ཡོན་ཁྱོད་ཡིན།། དེས་ན་འདོད་ཁམས་ཁྱོད་སྐུ་རུ་བསྟན་པ་ཡིན།། སྣང་སྲིད་གཟུགསུ་ཤར་བ་བྱང་ཆུབ་སེམས་ཀྱི་གཟུགས།།
11b2 གཟུགས་ལ་ངེས་པ་མེད་པ་སྣ་ཚོག་སྤྲུལ་པའི་སྐུ།། སེམས་ཉིད་སྐྱེ་མེད་གཅིག་ལས་སྣ་ཚོགས་འབྱུང་བས་ན།། མེད་བཞིན་སྣ་ཚོགས་འབྱུང་བས་སྤྲུལ་སྐུ་ཡིན་པར་གསུངས།། སྦྲུལ་སྐུ་ཡིན་མིན་དྲན་པ་བརྟག་པར་རགས་སོ་ཨང
11b3 འཁོར་དང་མྱང་འདས་གཉིས་ཀ་སྤྲུལ་པ་འདྲ་བ་ལ།། འོག་མ་རྣམས་ནི་མྱང་འདས་སྤྲུལ་པས་གསུངས་པ་ཡ་ནི།། སྐྱེ་མེད་རྟོགས་ན་སྤྲུལ་པ་ཡོན་མཉམ་པར་གསུངས།། དེ་བས་ཁམས་གསུམ་སྐུ་གསུམ་དབྱིངསུ་གྲོལ་བ་ཡ་ནི།།
11b4 གཅིག་ལ་མ་ཡིན་ཀུན་ལ་གྲོལ་བས་པས་ཡོངས་གྲོལ་ཡིན།། ཡང་ན་ན་མཁའི་ཁམ་སུ་སྨྲ་ནི་དང་ན་བུན་གྲོལ་བ་བཞིན།། སྐྱེ་མེད་དབྱིངསུ་ཁམས་གསུམ་ངང་གིས་གྲོལ་བ་ཡིན།། ཕ་ཤི་བུ་སྐྱེས་ཕ་ལ་བུ་ཡིས་རྩིས་མེད་བཞིན།།
11b5 སྤུ་གྲོལ་ཕྱིས་སྲིད་སྔ་མས་ཕྱི་མའི་གཉེར་སུས་བྱེད།། དེ་བས་སྲིད་གསུམ་རྣམས་དག་མཚན་མ་རང་སྣར་དག། སྔ་ཕྱི་ནི་དོགས་མི་བྱེད་ཀུན་བྱེད་བཀའ་ལ་གནས།། འདོད་ཆགས་ཞེ་སྡང་གཏི་མུག་གཏན་ནུས་བརླག། ཡུལ་ལ་འདས་པར
11b6 གོ་ན་ཡུལ་སྣང་རང་དུ་རྫོགས།། དགོངས་པའི་མཐར་ཐུགས་དགོངས་པ་ཀུན་ལས་འདས་པ་ཡིན།། ཡོངས་གྲོལ་དུ་ལ་ཟླ་བའི་ལེའུ་སྟེ་བཅུ་པའོ།། །། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། བློ་ཐག་བཅད་ཅིང་བསྟན




iiif viewer powered by OpenSeadragon

11a - 12a

Texts on this page

Gbr001.7 - la zlo gsang ba'i 'khor lo zhes bya ba'i rgyud