e-texts navigator
Collection
Volume
Page
Wylie

11a1 ཟིལ་གྱིས་མནན།། ཉི་མ་ཕྱེད་ན་ཟླ་བ་གསལ་དང་མི་གསལ་རྩིས་གདབ་མེད།། སྐྱེ་མེད་དབྱིངས་ན་གནས་པ་རྟོགས་དང་མ་རྟོགས་མེད།། ཟླ་བ་གསལ་ལ་ཉི་མ་ཉེ་བ་མ་ཡིན་དེ་དགོངས་སམ།། འདུ་ཤེས
11a2 གསལ་ལ་སྐྱེ་མེད་ཉེ་བ་མ་ཡིན་རང་།། སྐྱེ་མེད་ཡིས་ཉིད་ཀྱི་ཡིས་རྒྱང་དུ་འཕང་།། འདུ་ཤེས་དྲན་པའི་ཆོས་ལ་དགོངས་པ་མ་ལེན་ཞིག། འདུ་བྱེད་ང་ཡིས་ཆོས་ལ་འདུ་ཤེས་མ་འཇུག་ཅིག། བྱང་ཆུབ་སེམས་ཀྱི་རོ་ལ་མྱང་བར་མ
11a3 བྱེད་ཅིག། དམིགསུ་མེད་པའི་ཆོས་ལ་དམིགས་པ་མ་འཇུག་ཅིག། བླ་དྭགས་ཙམ་གྱི་ཆོས་ལ་རྩོལ་བས་མ་སྒྲུབ་ཅིག། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཆེན་པོ་ལ།། ངེས་མེད་རྩོལ་བྲལ་སྔོན་ནས་ཀུན་ལ་ཁྱབ་པར་ཤར།། ང་ལུང
11a4 ཐོས་པས་ངེས་མེད་དགོངས་པ་ད་ལྟ་ཤར།། ཕུང་པོ་བར་བས་ཞི་བ་མཆོག་ལ་ཕྱིན་པར་འགྱུར།། ལྟ་བ་ཁྱུད་ཆེན་ལྡི་ངེས་པའི་དགོངས་པ་ལ་བཟླ་བའི་ལེའུ་སྟེ་དགུ་པའོ།། །། བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོས།།
11a5 ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་འདི་གསུངསོ།། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམསུ་བསྟན་པ་ཡང་།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་བྱུང་བ་ཡིན།། གཟུགས་མེད་ཁམས་ལ་གཟུང་དུ་མ་མཆིས་ངོ་བོས
11a6 སྟོང་། འཛིན་མེད་ཆོས་ཀྱི་སྐུ་རུ་ཡེ་ནས་བཞུགས་པ་ཡིན།། འདོད་པའི་ཁམས་ནི་ལོངས་སྤྱོད་སྐུ་རུ་བཞུགས་པ་ཡིན།། ཉིད་ཀྱིས་ཉིད་ལ་ལོངས་སྤྱོད་སེམས་དཔས་དགོངས་ལགས་སམ།། སེམས་ཀྱི་ལོངས་སྤྱོད་མིན་པ་ཡེ་ནས་ཡོད




iiif viewer powered by OpenSeadragon

10b - 11b

Texts on this page

Gbr001.7 - la zlo gsang ba'i 'khor lo zhes bya ba'i rgyud