| | e-texts navigator
|
7b1 དུ་རྟོགས་པ་དཀའ་བའི་ཕྱིར།། འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱིས།། རང་རང་དགའ་བའི་ལམ་ལ་གཟུད་པའི་ཕྱིར།། ལམ་གྱིས་ཁྱད་པར་བགྲོད་དུ་ཡོད་པར་བསྟན།། བློ་ཆུང་བརྒྱུད་ནས་དོན་ལ་འདྲེན་པའི་ཕྱིར།། དྲང་བའི་ལུང་དུ་ཡིས
7b2 རྟོགས་པ་ཡིན།། ཀྱེ་ཚོགས་དང་སྦྱོར་ལམ་མཐོང་ལམ་བསྒོམ་པའི་ལམ།། མཐར་ཕྱིན་རིམ་པ་བསྐལ་པ་བརྒྱ་ཕྲག་དང་།། ཚེ་གསུམ་བདུན་སོགས་དུས་དེ་གྲུབ་པར་རྟོགས།། དེ་ཡིས་ང་ཡི་ལམ་འདྲི་རྟོགས་མི་འགྱུར།། ཀྱཻ་ཀུན་བྱེད་རྒྱལ
7b3 པོ་ང་ཡི་ལམ་བཤད་པ།། ང་ཉིད་སྐྱེ་བ་མེད་པའི་རང་བཞིན་ལ།། འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས།། དེ་ཕྱིར་ལམ་ལ་བསྐྲོད་དུ་མེད་པར་རྟོགས།། ལམ་ལྔར་སྣང་བ་རྣམ་རྟོག་མཚན་མའི་གྲངས།། དེ་ཉིད་མཚན་མའི་ཡུལ་ལ
7b4 འདས་པའི་ཕྱིར།། མཚན་མའི་ལམ་གྱིས་བགྲོད་དུ་མེད་པར་རྟོགས།། ཀྱཻ་ཀུན་བྱེད་ངའི་ལམ་ལ་རིས་མེད་དེ།། སྐྱེ་མེད་ཐིག་ལེ་ཆེན་པོར་གཅིག་པའི་ཕྱིར།། གཅིག་གི་རང་བཞིན་རྟོགས་པ་དེ་ཡི་ཕྱིར།། ལམ་ལ་བགྲོད་མེད་གཅིག་ཏུ་རྟོག
7b5 པ་ཡིན།། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་།། ངལ་འཇུག་པའི་རིམ་པའི་ལམ་མེད་དེ།། རང་བྱུང་ཡེ་ཤེས་དུ་གཅིག་རྫོགས་པའི་ཕྱིར།། མ་བགྲོད་རང་བཞིན་བཞག་པས་ཕྱིན་པར་འགྱུར།། དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ཀྱིས།།
7b6 ལ་རིམ་པར་བགྲོད་པར་མ་བྱེད་ཅིག། ཀྲཱྀང་ནི་མཐའ་བྲལ་ན་མཁའི་རང་བཞིན་ཏེ།། ནམ་མཁའི་མཐའ་ལ་བགྲོད་ཅིང་ཆེ་ཆད་ལྟར།། ང་ཡི་རང་བཞིན་ལམ་གྱིས་བགྲོད་འདོད་པ།། ཚེ་ཆད་ནང་དུ་དེ་ལས་ཆེ་བ་མེད།། དེ་ཕྱིར་སེམས་དཔའ་རྡོ་རྗེས་རྟོག
iiif viewer powered by OpenSeadragon
7a - 8a