| | e-texts navigator
|
7a1 ལ་སྲོལ་མི་འགྱུར།། སྔགས་དང་ཕྱག་རྒྱའི་དབང་ལ་རེ་མི་འཇོག་པ་རྫས་དང་མཚན་མའི་དབང་ལ་སེམས་མི་ཆགས།། རང་རྒྱུད་དག་འས་མཚན་མའི་ལྷ་མི་བསྒོམ།། གཟའ་དང་རྒྱུ་སྐར་དུས་ཚིགས་རིམ་པ་མེད།། ཀྱཻ་སྐྱོན
7a2 པའི་རྒྱལ་པོ་ཡི་རྟོགས་པ་ལྟར།། སྐུ་གསུམ་སྟོན་པ་གསུམ་གྱིས་མ་རྟོགས་པས།། རང་བཞིན་བཅུ་ཡི་དོན་ཡང་སྒྲིབ་པའི་ཕྱིར།། ཀུན་བྱེད་ང་ཡི་རང་བཞིན་རྟོགས་པ་མེད།། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེང་རྒྱལ་པོ་ངས།། འཁོར་གྱི་དང་པོ་སྐུ་གསུཾ
7a3 སྟོན་པ་ལ།། རང་བཞིན་མ་བཅོས་ཇི་བཞིན་ལུང་ཕོག་པ།། མཚན་མའི་འཇིག་རྟེན་ལྷ་ལ་རྟེན་མི་འཆའ།། ཚོགས་ལ་མི་བརྟེན་དབང་ལ་རག་མ་ལུས།། སྐྱེ་མེད་རིག་པའི་དབང་ལ་ཀུན་རྫོགས་པས།། མ་བཙལ་བདེ་བར་བཞག་པས་དོན་ཀུན
7a4 རྫོགས།། གླེང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ།། སྐུ་གསུམ་སྟོན་པ་ང་ཡིས་བཀོད་པ་ཡིན།། དེས་སྟན་ཆོས་ཀྱང་ང་ཡིས་བཀོད་པ་ཡིན།། རང་ཉིད་རང་ལ་བཀོད་བུ་མྦི་དགོས།། ཀྱཻ་དེ་ལྟར་ཀུན་བྱེད་རང་བཞིན་གང་རྟོགས་བསྡུ།། ཐམས
7a5 ཅད་ཀུན་བྱེད་རང་བཞིན་དེ་རྟོགས་པས།། ཀུན་བྱེད་དེ་ཡི་རང་བཞིན་རྟོགས་དགྱིས་ལ།། མཚན་འཛིན་ཞེན་པའི་དབང་ལ་མ་རྟེན་ཅིག། ཅེས་གསུངསོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། རང་བྱུང་རྟོགས་པ་དབང་གི་ལེའུ་སྟེ་དྲུགས
7a6 གསུམ་པའོ།། ། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། ལམ་ལ་བསྒོད་དུ་མེད་པར་རྟོགས་པ་འདི་གསུང་སོ།། ཀྱཻ་སྟེན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། རང་བཞིན་མ་སྐྱེས་གཅིག་ཏུ་གནས་པ་ལ།། སྐྱེ་མེད་མངོན
iiif viewer powered by OpenSeadragon
6b - 7b