| | e-texts navigator
|
6b1 རྒྱལ་པོས་ཆགས་སྡང་རྣམ་པ་ལྔ།། སྐྱེ་མེད་བྱང་ཆུབ་སེམས་སུ་བསྟན་པ་ལྟར།། སེམས་དྲཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་ནས་ཀྱང་།། དེ་བཞིན་ཁྱོད་ཀྱིས་འཁོར་ལ་ལུང་སྟོན་ཅིག། ཅེས་གསུང་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས།
6b2 དཀྱིལ་འཁོར་མི་བསྐྱེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ།། ། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས།། དབང་ལ་བསྐུར་དུ་མེད་པ་འདི་གསུངསོ།། ཀྱེ་སེམས་དཔའ་རྡོ་རྗེ་དོན་འདི་ངེས་རྟོགས་ཤིག།
6b3 ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ།། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས།། དབང་ལ་བསྐུར་ཐོབ་ཡོད་པར་ལུང་ཕོག་པས།། མཚན་མ་རྟོགས་པའི་ལམ་ལོ་ཞེན་ཆགས་པས།། ང་ཡི་རང་བཞིན་མི་མཐོང་བསྐལ་བར་འགྱུར།། ཀྱཻ་ང་ནི
6b4 སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ།། ང་ཡི་རང་བཞིན་ཀུན་བྱེད་ཁྱབ་རྟོགས་པས།། ང་ལ་གཉིས་པའི་དོན་ནི་མེད་པའི་ཕྱིར།། བསྐུར་དང་མི་བསྐུར་དོན་དང་བྲལ་བར་རྟོགས།། གང་ཟག་མཚན་མའི་གྲངས་ལ་དགའ་བ་ལ།། དབང་གི་གྲངས་དང་བསྐུ
6b5 བའི་རིམ་པ་བསྟན།། མ་བཅོས་དོན་ལ་གནས་པའི་གང་ཟག་ལ།། མ་བསྐུར་རང་བཞིན་གནས་པའི་རིམ་པ་བསྟན།། ཀྱཻ་ཀུན་བྱེད་པོའི་རང་བཞིན་ཀུན་ཁྱབ་ལ།། དེ་ལྟར་འཇུག་ཅིང་རྟོགས་པའི་རྣལ་འབྱོར་ལ།། མ་བསྐུར་རང་བཞིན་གནས་པ
6b6 དོན་རྟོགས་པས།། དབང་ལ་བསྐུར་ཐོབ་མེད་པར་ལུང་སྟོན་ཅིག། ཀྱི་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས།། བསྐུར་ཐོབ་མེད་པར་རྟོགས་ནས་ལུང་བསྟན་པས།། སྐྱེ་མིང་རྣམ་དག་སེམས་ཀྱི་དབང་ཐོབ་ནས།། རང་བཞིན་བཅུ་ཡི་དབང
iiif viewer powered by OpenSeadragon
6a - 7a