| | e-texts navigator
|
6a1 ལུས་སྙིང་པོར་རྫོགས་པས་བསྐྱེད་བྲི་མེད།། མ་བསྐྱེད་དུས་གཅིག་རྫོགས་པའི་དཀྱིལ་འཁོར་རྟོགས།། ཀྱཻ། དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་ལ།། འཁོར་ནི་འཁོར་འདས་བདེ་ཆེན་རྫོགས་པར་ལྡན།། དེ་ནི་དཀྱིལ་འཁོར་སྙིང་པོ
6a2 ཀུན་གྱི་རྩ།། དཀྱིལ་འཁོར་མ་ལུས་འདི་ལ་རྫོགས་པར་རྟོགས།། ཀྵུཾ། ཀུན་བྱེད་རྒྱལ་པོ་ང་ཡི་དཀྱིལ་འཁོར་ནི།། མ་ལུས་སྙིང་པོར་རྫོགས་པའི་དཀྱིལ་འཁོར་ཏེ།། གང་གིས་དེ་ལྟར་རྫོགས་པར་གང་རྟོགས་པ།། དཀྱིལ་འཁོར་བསྐྱེད་པ་མེད་པའི
6a3 དོན་ལ་མཁས།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས།། ཀླུ་སྐྱེ་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱིས།། འགྲོ་དང་འོད་མེད་ཀུན་ཏུ་ཁྱབ་པར་བརྡལ།། རྟོགས་པས་སྐྱེ་བ་མེད་པའི་དོན་ལ་འཇུག། ཀྱཻ་རང་བྱུང་ཡེ་ཤེས་ལྔ་ཡི་དཀྱིལ
6a4 འཁོར་ནི།། རྟོགས་དང་མི་རྟོགས་དོན་ལ་རེག་ལུས་པས།། བསྐྱེད་དང་མི་བསྐྱེད་གཉིས་སུ་མཐོང་བ་ཡིན།། དམ་པ་རྟོགས་ནས་བསྐྱེད་དང་མི་བསྐྱེད་མེད།། དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་།། སྒྲ་ལ་མ་གནས་དོན་ཉིད་རྟོགས་པར་གྱི།
6a5 གང་གིས་དེ་ལ་རྟོགས་པ་སྐྱེས་མ་ཐག། ཀུན་བྱེད་རྒྱལ་པོའི་དོན་ལ་འབྱོར་པར་འགྱུར།། ཀྱེ་རྒྱལ་བ་མ་ལུས་འདུས་པའི་སྙིང་པོ་སྟེ།། རང་བཞིན་ཁྱབ་པར་གནས་པའི་དཀྱིལ་འཁོར་འདི།། མ་བསྐྱེད་རང་བཞིན་གནས་པའི་དོན་འདི་ལ།། རྟོག
6a6 པས་ཅི་བདེར་མནོས་ཡ་མ་རྩོལ་ཅིག། ཀྱེ་རྒྱལ་བ་ཀུན་གྱི་རང་བཞིན་ཀུན་བྱེད་ངས།། དཀྱིལ་འཁོར་སྐྱེད་དུ་མེད་པར་དོན་རྟོགས་པས།། དེའི་རང་བཞིན་སྒྲ་ཐོས་མ་ཡིན་པར།། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་པར་གྱིས།། ཀྱཻ་ཀུན་བྱེད
iiif viewer powered by OpenSeadragon
5b - 6b