e-texts navigator
Collection
Volume
Page
Wylie

5b1 བྱ་དང་མི་བྱ་མེད་པར་དོན་རྫོགས་པས།། ཀུན་བྱེད་རྒྱལ་པོའི་འཕྲིན་ལས་འདི་རྟོགས་ཤིག། ཀྱཻ། སྟོན་པའི་རྒྱལ་པོ་ཀུན་བྱེད་ང་ཡིས་ནི།། བྱས་པ་ཐམས་ཅད་མཚན་མའི་ལམ་དུ་བསྟན།། བྱ་བྲལ་འཕྲིན་ལས་ངེས་དོན་འདི་རྟོགས་པས།། འགྲོ་བ།
5b2 ཀུན་བྱེད་རྒྱལ་པོ་ཉིད་དུ་འགྱུར།། སྙིང་པ་བྱེ་བྲལ་སྒོ་གསུམ་མ་ནོར་བས།། བྱ་བཙལ་འདས་པའི་དོན་ལ་རྟོག་པ་ནི།། དུས་གསུམ་རྒྱལ་བའི་དགོངས་པ་གཅིག་པའི་ཕྱིར།། མ་ནོར་ལམ་ལ་རྟོགས་པ་ཉིད་མཆོག་ཡིན།། ཞེས་གསུངས་སོ།། བྱང
5b3 ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། སྒོ་གསུམ་བྱ་བཙལ་མེད་པར་རྟོགས་པའི་ལེའུ་སྟེ་དྲག་ཅུ་གཅིག་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། དཀྱིལ་འཁོར་བསྐྱེད་དུ་མེད་པ་འདི་གསུངས་སོ།། ཀྱཻ། སེམས
5b4 དཔའ་རྡོ་རྗེ་དྲོན་འདི་དེ་རྟོགས་ཤིག། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས།། མཚན་མ་གྲངས་ལ་དགའ་བའི་གདུལ་བྱ་ལ།། ཚོགས་དང་དཀྱིལ་འཁོར་བསྐྱེད་དུ་ཡོད་པར་བསྟན།། གང་ཞིག་སྐུ་གསུམ་ལམ་ལ་བརྟེན་བྱས་ནས།། མཚན
5b5 མ་གྲངས་ཀྱི་སྒོ་ནས་རྟོགས་བྱེད་པ།། བསྐལ་པ་བྱེ་བ་བརྒྱ་ཕྲག་ཡུན་རིངས་སུ།། དཀྱིལ་འཁོར་བསྐྱེད་དུ་མེད་པའི་དོན་མི་རྟོགས།། ཀྱེ་དེ་བས་སྟོན་པ་ཀུན་བྱེད་རྒྱལ་པོ་ངས།། ཚོགས་དང་དཀྱིལ་འཁོར་རང་བཞིན་ལྷུན་རྫོགས་པས།། མ་བྱས
5b6 རང་བཞིན་གྲུབ་པའི་ཆོས་ཉིད་ལ།། བསྐྲད་ཅིང་བསག་དུ་མེད་པའི་དོན་རྟོགས་ན།། ཀུན་བྱེད་རྒྱལ་པོ་ང་ཡི་དཀྱིལ་འཁོར་ཡིན།། ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་དཀྱིལ་འཁོར་བསྟན་པ་ནི།། རང་ལས་བྱུང་བའི་དཀྱིལ་འཁོར་རྫོགས་པའི་ལུང་།། མ




iiif viewer powered by OpenSeadragon

5a - 6a

Texts on this page

Gbr001.6 -