| | e-texts navigator
|
5a1 པས་གྲུབ་མི་རྟོགས།། ཀྱེ། སྟོན་པ་ཀུན་བྱེད་ང་ཡི་འཕྲིན་ལས་ནི།། བཙལ་བར་བྱ་མེད་འཕྲིན་ལས་ལུང་བསྟན་པ།། དོན་དང་མི་འགལ་བསམ་པ་མཐར་ཕྱུང་བས།། འཕྲིན་ལས་བཙལ་དུ་མེད་པར་ཁྱོད་ཀྱིས་རྟོགས།། ཀྱཻ། སྟོན་པ
5a2 ཀུན་བྱེད་ང་ཡི་འཕྲིན་ལས་ནི།། བདག་དོན་ལྷུན་གྱིས་གྲུབ་པས་བྱ་མེད་རྟོགས།། གཞན་དོན་དབྱིངས་སུ་གཅིག་པས་བཙལ་མེ་རྟོགས།། དེ་ལྟར་ཁྱོད་ཀྱི་ངེས་པར་རྟོགས་པར་གྱིས།། ཀྱཻ་ཀུན་བྱེད་བྱང་ཆུབ་སེམས་སུ་ཀུན་བྱས་པས།། བྱང་ཆུབ་སེམས
5a3 ལ་བྱམི་དགོས་པར་རྟོགས།། མ་བྱས་བྱ་བྲལ་སྙིང་པོ་ལྷུན་གྲུབ་ལ།། བྱ་དང་མི་བྱ་ཐ་སྙད་གང་གིས་གདགས།། ཀྱཻ་ཀུན་བྱེད་རྒྱལ་པོ་ང་ཡིས་འཕྲིན་ལས་ནི།། ལུས་ཀྱི་ལས་སུ་ཕྱག་སྐྱེ་བཅར་མང་རྟོགས།། ངག་གི་བཟླས་བརྗོད་བྱ་མེད་སྙིང་པོར་རྟོགས
5a4 སེམས་ཀྱི་འཕྲོ་འདུ་བསྒོམ་དང་བྲལ་བར་རྟོགས།། འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡང་།། འཕྲིན་ལས་བྱ་མེད་རྟོགས་ནས་མངོན་སངས་རྒྱས།། དུས་གསུམ་རྒྱལ་བ་རྟོགས་ལ་རག་ལུས་པས།། སེམས་དཔའ་རྡོ་རྗེས་ཐོས་ནས་རྟོགས་པ
5a5 གྱིས།། ཀྱཻ། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས།། ཞི་རྒྱས་དབང་དང་དྲག་པོས་ལུང་བསྟན་པ།། རྣམ་རྟོག་མཚན་མ་གྲངས་ལ་དགའ་བྲ་ལ།། འདུལ་བའི་རྟོགས་པའི་གྲངས་སུ་བསྟན་པ་ཡིན།། ཀྵུཾ། དེ་ཕྱིར་ཀུན་བྱེད་ང་ཡི་ལུང་བསྟན་པ།།
5a6 ཐོས་པའི་དོན་ལམ་ནོར་བརྟགས་པར་བྱོས།། བྱ་བ་ཙལ་ཀུན་དང་བྲལ་བའི་འཕྲིན་ལས་ཀྱིས།། མ་བྱས་དོན་ཀུན་རྫོགས་པ་རྟོགས་པ་འཆར།། ཀྵེ། སེམས་དཔའ་རྡོ་རྗེ་དོན་འདི་ལེགས་པར་རྟོགས།། སྙིང་པོ་བྱ་བཅོལ་བྲལ་བའི་དོན་རྟོགས་པས།།
iiif viewer powered by OpenSeadragon
4b - 5b