| | e-texts navigator
|
4b1 པས་བསྲུང་བ་ཀུན་ལས་འདས།། ཀུན་བྱེད་རྒྱལ་པོའི་དུམ་ཚིག་རྣམ་གྲངས་ཏེ།། སྐྱེ་བ་མེད་པར་རྟོགས་པའི་རྣམ་གྲངས་ཡིན།། སྙིང་པོ་བསྲང་དུ་མེད་པར་དོན་གཅིག་ལ།། རྟོགས་དང་མ་རྟོགས་ཁྱད་པར་ལ་དགོངས་ནས།། དྲང་དང་།
4b2 ངེས་པ་གཉིས་སུ་རྣམ་ཕྱེ་ནས།། བསྲུང་དུ་ཡོད་དང་མེད་པར་ལུང་བསྟན་ནོ།། ཀྱཻ། \ུ0f7fའདིས་ནི་དམ་ཚིག་བསྲང་མེད་རྟོགས་པའི་ཕྱིར།། དུས་གསུམ་རྒྱལ་བའི་དགོངས་པ་རྟོགས་པ་ཡིན།། གང་གིསྣ་འདི་མ་རྟོགས་པའི་རྣལ་འབྱོར་པ།། རང
4b3 སེམས་སྙིང་པོའི་དོན་དུང་ཤིན་ཏུ་འགལ།། ཀྱཻ། ཀུན་བྱེད་རྒྱལ་པོ་ངའི་དམ་ལས་གང་འདས་ཤིང་།། སྐུ་གསུམ་སྟོན་པའི་དམ་ལ་གནས་པ་དག། བསྐལ་པ་བརྒྱ་ཕྲག་དུ་མ་རྣམས་སུ་ཡང་།། སྙིང་པོའི་དོན་དང་ཕྲད་པ་ཤིན་ཏུ་དཀའ།། དེ་ཕྱིར
4b4 ཀུན་བྱེད་ང་ཡིས་ལུང་ཐོབ་པས།། དམ་ཚིག་བསྲུང་དུ་མེད་པར་རྟོགས་པར་བྱོས།། ཞེས་གསུངསོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས།། བསྲུང་མེད་དམ་ཚིག་གཽ་ལེའུ་སྟེ་དྲུག་ཅུ་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད
4b5 རྒྱལ་པོ་དེས།། འཕྲིན་ལས་བཙལ་དུ་མེད་པ་འདི་གསུངསོ།། ཀྱཻ། སེམས་དཔའ་རྡོ་རྗེ་ལེགས་པར་ད་རྟོགས་ཤིག། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངའི།། རང་བཞིན་ལས་བྱུང་སྦྱིན་པ་སྐུ་གསུམ་གྱིས།། སོ་སོར་ཇི་ལྟར་འདུལ་བའི་སྐུ་རུ་བྱུང
4b6 ནས།། འཕྲིན་ལས་བཙལ་བས་དོན་དང་ཕྲད་པར་རྟོགས།། ལུས་ཀྱི་ལས་སུ་ཕྱག་རྒྱ་བཅའ་བར་རྟོགས།། ངག་གི་སྔགས་དང་བཟླས་པ་བྱེད་པར་རྟོགས།། སེམས་ཀྱི་འཕྲོ་འདྲའི་ཏིང་འཛིན་བསྒོམ་པར་རྟོགས།། སྒོ་གསུམ་ཡལ་བར་གནས
iiif viewer powered by OpenSeadragon
4a - 5a