e-texts navigator
Collection
Volume
Page
Wylie

4a1 ལུང་བསྟན་པ།། ཀུན་བྱེད་བསྲུང་དུ་ཡོད་པའི་དོན་དུ་རྟོགས།། ལ་ལས་སྡོམ་དང་ཚུལ་ཁྲིམས་དག་པར་རྟོགས།། ལ་ལས་རིག་འཛིན་སྡོམ་པ་དག་པར་རྟོགས།། ལ་ལས་གྲངས་དང་རྩ་བ་ཡན་ལག་རྟོགས།། ཇི
4a2 ལྷུར་བརྟགས་ཀྱང་རྟོགས་པར་ལུང་མ་བསྟན།། ཀུན་བྱེད་རྒྱལ་པོ་ང་ཡི་དམ་ཚིག་འདི།། བསྲུང་དང་མི་བསྲུང་ཕྱོགས་རིས་མེད་པར་བསྟན།། གང་གིས་བསྲུང་དང་མི་བསྲུང་མེད་རྟོགས་པ།། ཀུན་བྱེད་ང་ཡི་དམ་ཚིག་རྟོགས་པ་ཡིན།།
4a3 ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་།། རྩ་བ་བྱང་ཆུབ་སེམས་སུ་ཀུན་གཅིག་པས།། ཀུན་ཀྱང་སྙིང་པོའི་དམ་ཚིག་ཡིན་པས་ན།། བསྲུང་དང་མི་བསྲུང་དོན་ལས་འདས་པར་རྟོགས།། ཀྱཻ་ཀུན་བྱེད་རྒྱལ་པོའི་ལྟ་བའི་དམ་ཚིག་ནི།།
4a4 སྐྱེ་མེད་ན་མཁའ་ལྟ་བུར་ཕྱོགས་འདས་པས།། གང་གིས་དེ་དག་ལེགས་པར་རྟོགས་པ་དེ།། ཀུན་བྱེད་རྒྱལ་པོའི་དམ་ཚིག་རྟོགས་པ་ཡིན།། ཀྱི་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས།། དམ་ཚིག་བསྲུང་དུ་མེད་པར་ལུང་བསྟན་པ།། དམ
4a5 ཚིག་རྩ་བའི་རྒྱུད་ལས་གང་ཐོས་པ།། འདིས་ནི་དོན་དེ་ལེགས་པར་རྟོགས་པ་ཡིན།། ཀྱཻ་ཀུན་བྱེད་རྒྱལ་པོས་སྔ་བར་ལུང་བསྟན་ལྟར།། དུས་གསུམ་ཆོས་ཉིད་འགྱུར་བ་མེད་པའི་ཕྱིར།། ཀུན་བྱེད་རྒྱལ་པོ་དེ་ཡི་དམ་ཚིག་ནི།། དུས་གསུཾ
4a6 ཀུན་ཏུ་སྲུང་དུ་མེད་པར་སྟོན།། ཀྱེ་ཆོས་རྣམས་རྩ་བ་སེམས་སུ་གཅིག་པ་ལྟར།། དམ་ཚིག་རྩ་བ་བསྲུང་དུ་མེད་པར་གཅིག། དེ་ཡང་རང་སེམས་སྐྱེ་མེད་རྟོགས་པ་ཡིན།། ཕྱལ་པ་དང་ནི་མེད་པ་གཅིག་པུ་དང་།། ལྷུན་གྱིས་གྲུབ




iiif viewer powered by OpenSeadragon

3b - 4b

Texts on this page

Gbr001.6 -