| | e-texts navigator
|
3b1 ལྟ་བའི་དོན་འདི་རྟོགས་པ་མེད།། ཀྱཻ། དེ་བས་སྟོན་པ་ཀུན་བྱེད་ང་ཡིས་ཀྱང་།། འཁོར་གྱི་དང་པོ་སེམས་དཔའ་རྡོ་རྗེ་ལ།། སྐུ་གསུམ་སྟོན་པ་གསུམ་གྱི་བཤད་པའི་ལུང་།། དེ་ལ་མ་གནས་ཤིག་པ་ང་ལུང་སྟོན།། དེ་ལྟར་ངེས་པའི་ལུང་འདི་མ
3b2 བསྟན་ན།། དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པོ།། ཀུན་བྱེད་རྒྱལ་པོ་ང་ཡི་གདུང་ཆད་ནས།། ཀུན་ཀྱང་འཁོར་བའི་ལམ་ལ་གཞོལ་བར་འགྱུར།། ཀྱཻ། དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་།། ལྟ་དང་མི་ལྟ་ཡུལ་ལས་འདས
3b3 པ་ལ།། གླང་བལྟས་དོན་ལས་རྣམ་རྟོག་མཆེད་པའི་ཕྱིར།། རྒྱུ་འབྲས་ཅན་གྱིས་ལྟ་བ་ཁྱོད་མ་རྟོགས།། ཤིན་ཏུ་རྣལ་འབྱོར་མི་གནས་ཐེག་པ་ལ།། ལྟས་ཤིང་བརྟགས་པས་མཐོང་བའི་དོན་འགགས་པ།། མ་བཅོས་སྙིང་པོ་ཀུན
3b4 བྱེད་རང་བཞིན་ལ།། བལྟས་པས་མཐོང་བ་མེད་པའི་དོན་ཏུ་རྟོགས།། ཀྵེ། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ད་ནི།། ཆོས་རྣམས་ཀུན་གྱི་ལྟ་བའི་མེ་ལོང་སྟེ།། གསལ་ལ་རང་བཞིན་མེད་པར་ཀུན་འཆར་བས།། མ་བལྟས་རང་བཞིན་གསལ
3b5 བར་ལུང་བསྟན་ནོ།། མ་སྐྱེས་དེ་བཞིན་ཉིད་ཀྱི་ཡུལ་ཉིད་ལ།། ལྟ་བ་ཡུལ་མེད་མཐོང་བ་ཆེན་པོར་རྟོགས།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། སྐྱེ་བ་མེད་པའི་ལེའུ་སྟེ་ང་དགུ་པའོ།། །
3b6 དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། དམ་ཚིག་བསྲུང་དུ་མེད་པར་རྟོགས་པ་འདི་གསུངས་སོ།། ཀྵེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས།། དབང་པོའི་ཁྱད་པར་རིམ་པར
iiif viewer powered by OpenSeadragon
3a - 4a