| | e-texts navigator
|
3a1 ཀུན་བྱེད་རྒྱལ་པོས། ལྟ་བ་བསྒོམ་དུ་མེད་པར་རྟོགས་པ་འདི་གསུངས་སོ།། ཀྵེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་རྟོགས་ཤིག། ཆོས་རྣམས་ཀུན་གྱི་རྩ་བ་ཀུན་བྱེད་ལ།། ལྟ་དང་ལྟ་བར་བྱེད་པ་ཡོད་མ་ཡིན།།
3a2 གང་ལ་བལྟར་མེད་སྙིང་པོ་གང་རྟོགས་པ།། ཀུན་བྱེད་པ་ཡི་རང་བཞིན་རྟོགས་པ་ཡིན།། ཀྱཻ། ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ཀུན།། ཀུན་བྱེད་སྐྱེ་བ་མེད་པར་ཀུན་གནས་པར།། སུ་ཞིག་སྙིང་པོའི་དོན་ལ་རྟོགས་འདོད་པས།།
3a3 ཀུན་བྱེད་པ་ཡི་རང་བཞིན་རྟོགས་པར་གྱིས།། ཀྱཻདྷ་ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར།། སོ་སོརོ་བསྟན་པའི་ལུང་དང་ཡིད་འཐད་ཅིང་།། སྐུ་གསུམ་སྟོན་པའི་དོན་ལ་གང་འཇུག་པ།། ཀུན་བྱེད་པ་ཡི་དོན་དང་ཤིན་ཏུ་འགལ།།
3a4 ཀྱཻ། སྟོན་པ་ཀུན་བྱེད་ང་ཉིད་མ་རྟོགས་པར།། ལྟ་བའི་རང་བཞིན་ཀུན་མཁྱེན་སྐྱེ་མེད་འདི།། འདས་དང་མ་འོངས་ད་ལྟར་སངས་རྒྱས་ཀྱིས།། མ་རྟོགས་མི་རྟོགས་རྟོགས་པར་ལུང་མི་སྟོན།། མ་སྐྱེས་སྐྱེ་བ་མེད་པའི་སངས་རྒྱས་ཀྱང་།།
3a5 ཀུན་བྱེད་ང་ཡི་ལུང་དང་ཕྲད་ནས་ནི།། དེས་ཀྱང་ལྟ་བ་སྐྱེ་མེད་རབ་ཏུ་རྟོགས།། སངས་རྒྱས་ཀུན་གྱི་ངོ་བོར་བྱིན་གྱིས་བརླབས།། ཀྵིཾ་ཀུན་བྱེད་རྒྱལ་པོ་སྟོན་པའི་ལུང་མེད་ན།། དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་དང་།།
3a6 མ་སྐྱེས་ལམ་ལ་ལྟ་བའི་རྣལ་འབྱོར་དང་།། ལ་དགུ་ལུང་དགུ་བསྒྲལ་བའི་ས་བཅུ་ཡིས།། རང་རང་དངོས་པོའི་དོན་ལ་རྟོག་དཔྱོད་པས།། མ་སྐྱེས་སྙིང་པོའི་དོན་ལ་སྒྲིབ་པའི་ཕྱིར།། རྒྱུ་འབྲས་བྲལ་བའི་བྱང་ཆུབ་སྙིང་པོ་འདི།། ཀུན་གྱིས
iiif viewer powered by OpenSeadragon
2b - 3b