| | e-texts navigator
|
27a1 པ་དག། བྱ་བ་མེད་པར་རང་བཞིན་གྲོལ་བར་འགྱུར།། ཐེག་པའི་ཡང་སྙིང་བཀའ་ཡི་རྫོགས་ཆེན་འདིས།། མན་ངག་སྙིང་པོ་ལུང་དང་ལྡན་རྣམས་ཀྱིས།། རང་བཞག་བདེ་བར་གནས་ན་གསལ་བར་འགྲུབ།། མ་བཅོས་མི་འགྱུར་འཇུག་ཅིང
27a2 རྩོལ་བ་མེད།། ཀྲུཾ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ།། ཐེག་པའི་རྩ་བ་ཆོས་ཀྱི་སྙིང་པོའི་ལུང་།། སྐུ་གསུམ་སྟོན་པས་མ་གསུངས་རྒྱ་ཆེ་བ།། སྐྱེ་བ་མེད་པར་སྟོན་པའི་སེམས་རྒྱུད་འདི།། དུས་གསུམ་རྒྱལ་བས་སྔ་མ་མ་གསུངས་ཏེ།། ཕྱི་མ་མྱི
27a3 གསུང་ད་ལྟ་སྟོན་མི་མཛད།། ཀུན་བྱེད་རྒྱལ་པོ་འཕྲོ་འགྱུར་མི་མངའ་བས།། སྔ་བར་གསུངས་ཤིང་ཕྱིས་ཀྱང་གསུང་འགྱུར་ལ།། ད་ལྟར་བྱུང་བས་གསུངས་པས་སྐལ་ལྡན་ལ།། ངེས་པར་བསྟན་པས་འབད་མེད་གྲོལ་བའི་ལུང་།། མདོ
27a4 ལུང་མངོན་དུ་བསྟན་པའི་བཀའ་རྒྱུད་འདི།། མི་འཕེལ་མི་ནུབ་སྙིང་པོ་འཛིན་པ་ལ།། ཀུན་བྱེད་རྒྱལ་པོས་ངེས་པར་ཁྱོད་ལ་གཏད།། ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མཚན་གྱི་རྣམ་གྲངས་བསྟན་པའི་ལེའུ
27a5 སྟེ་བརྒྱད་ཅུ་རྩ་བཞི་པའོ།། །། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལྟ་བ་ན་མཁའ་ལྟར་མཐའ་དབུས་མེད་པའི་རྒྱུད་ན་མཁའི་སྙིང་པོ་མཆོག་གི་དོན། གསང་བ་མཆོག་གི་མདོ་ལུང
27a6 བརྒྱད་ཅུ་རྩ་བཞི་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཤྲཱི་ས་ཧ་ཀཱ་ལ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཱི་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། མངྒ་ལ
iiif viewer powered by OpenSeadragon
26b - 27b