e-texts navigator
Collection
Volume
Page
Wylie

26b1 གདོད་ནས་གྲུབ་པའི་ཆོས་ཉིད་ལ།། རྒྱུ་དང་རྐྱེན་མེད་བཙལ་མེད་སྙིང་པོ་ནི།། མ་སྒྲིབས་ཀུན་ལ་ཕྱོགས་རིས་མེད་གསལ་བས།། རང་བྱུང་ཡེ་ཤེས་ཞེས་སུ་བསྟན་པ་ཡིན།། ཀྱཻ་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།། མ་བཅོས་ཇི་བཞིན་དང་ལ
26b2 ཀུན་སྣང་བས།། ཕྱོགས་རིས་གཉིས་སུ་ཆད་པའི་མེད་དེ།། བཀའ་ཡི་འགྲེལ་པ་ཆོས་ཀྱེ་མེ་ལོང་ཡིན།། ཀྲུཾ་ཇི་བཞིན་མ་བཅོས་སྙིང་པོ་རྣལ་མ་ལ།། འཁོར་དང་མྱ་ངན་འདས་པ་འབྱུང་བསྡུད་པས།། བླང་དོར་འཛིན་ཆགས་རྒྱ་ལས་རྣམ་གྲོལ་ཏེ།། སྙི
26b3 པོ་དོན་གྱི་ཐེག་པར་བསྟན་པ་ཡིན།། ཀྱཻ་འདས་དང་མ་བྱོན་ད་ལྟར་རྒྱལ་བ་ལ།། སྐྱེ་མེད་འདི་ལས་མ་གཟིགས་མི་དགོངས་པས།། མ་སྐྱེས་ཐིག་ལེ་གཟུང་འཛིན་ལས་འདས་པ།། ལྟ་བའི་མེ་ལོང་ཞེས་སུ་བསྟན་པ་ཡིན།། ཀྵེ་ང་ནི་མ་སོས་ཇི་བཞིན
26b4 སྙིང་པོ་ལ།། སྒྲོ་འདོགས་བསྐུར་འདབས་དོན་ཀུན་ལས་འདས་ཏེ།། དུས་གསུམ་རྒྱལ་བ་ང་ལས་བྱུང་བས་ན།། རྒྱལ་བའི་ཡུམ་ཞེས་ངེས་པར་བསྟན་པ་ཡིན།། ཀྱེ་མ་བཅོས་སྐྱེ་མིང་ཀུན་ཏུ་བཟང་པོ་ལ།། མ་བཙལ་དགོས་པའི་ཡོན་ཏན་ཚང་རྫོགས
26b5 པས།། བཙལ་ཞིང་སྒྲུབ་པ་ཀུན་ལས་འདས་པས་ན།། རྒྱུད་ཀྱི་རྒྱལ་པོ་ཞེས་སུ་བསྟན་པ་ཡིན།། ཀྱེ་མ་བཅོས་དོན་ལ་མ་ནོར་བློ་འཇོག་པ།། སྙིང་པོའི་དོན་ལ་སྒྲོ་དང་སྐུར་པ་བྲལ།། གཉིས་ཀ་མི་འགལ་དོན་དུ་གང་བསྟོན་པ།། མ་བཅོས་དོན་གྱི་ལུང་དུ
26b6 བསྟན་པ་ཡིན།། ཀྱཻ་སྟོན་པ་ཀུན་བྱེད་རྒྱལ་པོས་ལུང་བསྟན་པ།། སྐྱེ་མེད་བྱང་ཆུབ་སེམས་དང་ལྡན་པའི་དོན།། གཉིས་མེད་སྙིང་པོར་རོ་གཅིག་གནས་པ་ལ།། ཀུན་གྱི་མ་དྲོ་ནི་མདོ་རུ་བསྟན་པ་ཡིན།། ཀྱེ་མ་རིག་པ་ཡི་མུན་པ་སེལ་བ་ཡིན།། ཡེ་ཤེས
26b7 སྣང་བ་མཆེད་པར་བྱེད་པ་ཡིན།། སྡུག་བསྔལ་རྒྱ་མཚོ་གཅོད་པར་བྱེད་པ་ཡིན།། སྙིང་པོའི་དོན་ལ་གོམས་པར་བྱེད་པ་ཡིན།། ཀྱེང་ནི་མ་རིག་པ་ཡི་མིག་བསལ་ནས།། སྐྱེ་མེད་བྱང་ཆུབ་སེམས་ནི་མངོན་བསྟན་ན།། བསྐལ་ལྡན་རྣལ་འབྱོར་མིག་དང་ལྡན




iiif viewer powered by OpenSeadragon

26a - 27a

Texts on this page

Gbr001.6 -