e-texts navigator
Collection
Volume
Page
Wylie

26a1 རྒྱལ་པོ་བསྟན་མི་བྱ།། སྙིང་པོའི་དོན་ལ་བླང་ངོར་མི་གནས་ཀྱང་།། མི་མ་ཡིན་དང་འབྱུང་པོས་བར་ཆད་བྱེད།། མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ།། དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས།། སྒྲ་སྐུར་དབང་གིས་ཐེག་པའི་སྙིང
26a2 པོ་བསྒྲུབ།། དེ་བས་རིག་ངན་གང་ཟག་སྤང་བར་བྱ།། འཇིག་རྟེན་ཞེན་པ་དཔྲལ་ཞིང་རྒྱུད་རྟག་ཕྱིར།། ལུས་དང་ལོངས་སྤྱོད་བླ་མས་ཀུན་བླངས་ལ།། ནུས་དང་མི་ནུས་ཁྱད་པར་རྟགས་ལྡན་ནས།། སྙིང་པོའི་དོན་བསྟན་ཀུན་བྱེད་རྒྱལ་པོ་སྦྱིན།། ཅེས་གསུང་སོ།།
26a3 བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། བསྟན་པ་གང་ལ་བཞུག་པའི་ལེའུ་བརྒྱད་ཅུ་རྩ་གསུམ་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་ལགས་པར་མདངས་ཕྱུང་སྟེ་མདུན་ནས་ཞུས་པ། ཀྱཻ་སྟོན་པའི་སྟོན་པ
26a4 ཀུན་བྱེད་རྒྱལ་པོ་ལགས།། ཉིད་ཀྱི་ཐུགས་གཅིག་རང་བྱུང་ཡེ་ཤེས་ལས།། སྐལ་ལྡན་དུས་གཅིག་གྲོལ་བར་མཛད་པའི་མདོ།། མཚན་གྱི་ཁྱད་པར་བདག་ལ་བཤད་དུ་གསོལ།། ཞེས་ནུས་སོ།། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། མཚན
26a5 གྱི་རྣམ་གྲངས་རྣམ་པར་ཕྱེ་བ་འདི་གསུངས་སོ།། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། མཚན་གྱི་ཁྱད་པར་ཕྱེ་སྟེ་བཤད་པ་ནི།། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།། མ་ལུས་ཀུན་བྱས་བྱེད་ཅིང་བྱེད་འགྱུར་ཏེ།། ཉིད་ལ་བྱ་མི་དགོས
26a6 ཏེ་ལྷུན་གྲུབ་པས།། ཀུན་བྱེད་རྒྱལ་པོ་ཞེས་སུ་བསྟན་པ་ཡིན།། ཀྵེ་སྙིང་པོའི་ངང་ལ་དྲི་མ་མེད་པ་དང་།། མ་བཙལ་ལྷུན་གྱིས་གྲུབ་པའི་དོན་ལྡན་པས།། འདི་ལ་བཙལ་ཞིང་སྒྲུབ་པ་མི་མངའ་སྟེ།། བྱང་ཆུབ་སེམས་ཞེས་ངེས་པར་བསྟན་པ་ཡིན།། ཀྵེ་མ་བྱས།




iiif viewer powered by OpenSeadragon

25b - 26b

Texts on this page

Gbr001.6 -