| | e-texts navigator
|
25b1 མ་ཆགས་དང་དང་དགའ་བས་འབུལ།། འདི་དག་དད་དང་དམ་ཚིག་རྟགས་ཡིན་པས།། སྙིང་པོའི་དོན་དང་ལྡན་པས་སྦྱིན་པར་བྱ།། གྲགས་པ་སྤང་ཞིང་ང་རྒྱལ་བྲལ་བ་དང་།། སྙིང་པོའི་དོན་ཕྱིར་ལུས་སྲོག་འཕངས་པ་མེད།། བཀའ་ལས་མི་འདའ་རྟག
25b2 དྲང་ལྡན་པ་ལ།། སྙིང་པོའི་དོན་དང་སྐྱེ་མེད་བསྟན་པ་སྦྱིན།། གང་གི་སྙིང་པོའི་བསྟན་པ་དག་ཐོབ་ནས།། འཇིག་རྟེན་མཚན་མས་བདག་ལ་ཅི་བགྱི་སྟེ།། ཐོབ་ན་བདག་ནི་དཀའ་བ་སྒྲུབ་པོ་ཞེས།། དམ་བཅའ་ལེགས་པར་མནོས་ནཱ་བསྟན་པ་སྦྱིན།། ཇི
25b3 སྲིང་བདག་དང་སློབ་དཔོན་མཚོ་ཡི་བར།། ལུས་དང་སྲོག་གི་འབྲེལ་པ་མ་མཆིས་པར།། ཁྱོད་ཀྱི་བཀའ་བཞིན་སྒྲུབ་ཅེས་མནས་བོར་ལ།། བསྟན་པའི་སྙིང་པོ་ཀུན་བྱེང་རྒྱལ་པོ་སྦྱིན།། མདོར་ན་ལུས་དང་སྲོག་ཀྱང་དབུལ་བྱ་ཞིང་།། རྫས་དང་ཡུ
25b4 ཞིང་རྐང་འགྲོས་སྨོས་ཅི་དགོས།། གལ་ཏེ་བདག་ལ་དྲེགོས་པར་མ་གྱུར་ཀྱང་།། དམ་པས་བླངས་ཏེ་དཀོན་མཆོག་གསུམ་ལ་འབུལ།། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡས།། གནོད་མིན་ལོག་པའི་གང་ཟག་བསྟན་པ་ནི།། གྲགས་དང
25b5 འཇིག་རྟེན་ཆོས་ལི་དགའ་བ་དང་།། ང་རྒྱལ་དམ་པ་མི་འཁུར་ཡིད་ཐུང་ལྡེག། འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ།། རང་ཚད་ཉམས་ལེན་བཙན་ཐབས་འདོད་པ་དང་།། བསྟན་པ་ཡོངས་ལ་སྤེལ་ཞིང་མི་མཐུན་དང་།། སྒྲོ་སྐུར་བདག་གཞན
25b6 གནོད་སེམས་བསྒོམ་པ་མིན།། འདི་ལ་མི་བརྟན་མཆོག་ཏུ་གསང་བར་བྱ།། སྔོན་དུ་རྟགས་དང་དད་པ་བརྟག་བྱའི་ཕྱིར།། རིན་ཆེན་དབྱིག་དང་ཆས་པས་གུས་མནོད་གྱིས།། ཆགས་སེམས་ང་རྒྱལ་གཞན་སེམས་མ་ངེས་ལ།། དེ་ལ་ཀུན་བྱེད
iiif viewer powered by OpenSeadragon
25a - 26a