e-texts navigator
Collection
Volume
Page
Wylie

25a1 ཇི་ལྟར་བཏགས་ཀྱང་གཏིང་མཐའ་དབུས་མེད་དེ།། ཀུན་གྱི་འབྱུང་གནས་བསམ་པའི་ཡུལ་ལས་འདས།། སྐྱེ་འགག་དམིགས་འཇུག་ལས་འདས་རྣམ་པར་ཞི།། སུ་ཞིག་འཇུག་ཅིང་དམིགས་དང་དད་པ་དག། འདི་ལ་དམན་དང
25a2 དམ་པར་དམིགས་མེད་པས།། མི་རྩོལ་བདེ་ལ་གནས་ཤིང་དབུགས་ཕྱིན་འགྱུར།། ཆོས་ཀྱི་རྩ་ཀུན་བྱེད་རྒྱལ་པོ་ལ།། ཇི་ལྟར་གནས་པས་རྩོལ་སྒྲིབ་ཀུན་དང་བྲལ།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། རྗེས་སུ་བསྟོད
25a3 བའི་ལེའུ་སྟེ་བརྒྱད་ཅུ་རྩ་གཉིས་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ།། སེམས་དཔའ་རྡོ་རྗེས་ལེགས་པར་མདུན་ནས་ཞུས་པ། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས།། ཇི་ལྟར་སྣང་ཞིང་གྲགས་པའི་ཆོས
25a4 རྣམས་ཀུན།། རང་བྱུང་ཡེ་ཤེས་གཅིག་ཏུ་བསྟན་པའི་མདོ།། ཆོས་ཀྱི་རྩ་བ་ཀུན་བྱེད་རྒྱལ་པོའི་རྒྱུད།། ཕྱི་རབས་རྣལ་འབྱོར་གང་དང་གང་དག་ལས།། བསྟན་ཅིང་གདམས་པ་ལེགས་པར་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བྱང་ཆུབ་ཀྱི
25a5 སེམས་ཀུན་བྱེད་རྒྱལ་པོས། བསྐལ་ལྡན་ལ་གདམས་པའི་དོན་འདི་གསུངས་སོ།། ཀྱཻ་སེམས་དཔའ་རྡོ་རྗེས་ལེགས་པར་ད་ཉོན་ཅིག། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས།། ཇི་ལྟར་སྣང་ཞིང་གྲགས་པའི་ཆོས་རྣམས་ཀུན།། ངས་བྱས་བྱེད
25a6 དང་བྱེད་འགྱུར་སྙིང་པོའི་དོན།། གཞི་རྩ་ཀུན་འདས་སྙིང་པོ་བྱང་ཆུབ་རྒྱུད།། དགོངས་པ་མངོན་དུ་ཕྱུང་བའི་མདོ་ལུང་འདི།། དད་དང་བརྩོན་འགྲུས་ཆེ་བ་དང་།། སྙིང་རྗེ་ཡིད་རིང་སྐྱོ་དང་ཡིད་ལྡོག་མེད།། ལུས་དང་བུ་དང་ཆུང་མ་བྲན་དང་ནོར།། ཀུན་ལ




iiif viewer powered by OpenSeadragon

24b - 25b

Texts on this page

Gbr001.6 -