e-texts navigator
Collection
Volume
Page
Wylie

24b1 སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད།། ཁམས་གསུམ་སྲིད་གསུམ་བྱེད་མཁན་ཁྱོད་ཀྱིས་བྱས།། རང་བྱུང་ལྔ་དང་རྒྱན་གྱི་རྒྱུ་ལྔ་དང་།། ཡེ་ཤེས་ལྔ་བྱས་ཀུན་བྱེད་ཁྱོད་ལ་འདུད།། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད།། སྐུ་གསུམ་སྟོན་པ་གསུམ
24b2 ཡང་ཁྱོད་ཀྱི་བྱས།། སྐུ་གསུང་ཐུགས་གསུམ་མ་ལུས་ཀུན་བྱས་པས།། སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད།། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད།། སྐུ་གསུམ་བཞུགས་པའི་གནས་ཀྱང་ཁྱོད་ཀྱིས་བྱས།། འཁོར་གྱི་དང་པོ་སྡུད་པ་ལ
24b3 ད་ལས་བྱུང་།། སྟོན་པ་བྱེད་རྒྱལ་པོ་ཁྱོད་ལ་འདུད།། ཀྱེ་སྟོན་པའི་སྨོན་པ་ཀུན་བྱེད་རྒྱལ་པོ་ཁྱོད།། འདུས་པའི་འཁོར་ཡང་ངེས་པར་ཁྱོད་ཀྱིས་བྱས།། བསྟན་པ་གསུམ་ཡང་ངེས་པར་ཁྱོད་ཀྱིས་བྱས།། ཀུན་བྱེད་རྒྱལ་པོ་ཉིད་ལ་ཕྱག་འཚལ
24b4 འདུད།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད།། ཟག་མེད་ཤེས་རབ་རྟོགས་པ་གསུམ་བསྟན་པས།། འཁོར་གྱི་མུན་པའི་དཀྱིལ་འཁོར་སྣང་མཛད་པ།། ཀུན་བྱེད་རྒྱལ་པོ་ཉིད་ལ་ཕྱག་འཚལ་འདུད།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ
24b5 ཁྱེད།། ཉིད་ཀྱི་ཐུགས་གཅིག་རང་བྱུང་ཡེ་ཤེས་ལས།། འབྱུང་ཞིང་སྡུད་པའི་རྩ་བ་ཁྱོད་ཉིད་པས།། ཆོས་ཀྱི་སྙིང་པོ་ཁྱོད་ལ་ཕྱག་འཚལ་འདུད།། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད།། མ་རིག་པ་ཡི་ལམ་ནི་བསལ་ནས་ཀྱང་།། ཡེ་ཤེས
24b6 སྣང་བ་ཀུན་ཏུ་མཆོད་པར་བྱེད། སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད།། ཀྱེ་ཇི་ལྟར་བྱའི་ཆོས་རྣམས་ཐམས་ཅད་ནི།། རང་བྱུང་ཉིད་པས་རྒྱུ་རྐྱེན་ཀུན་དང་བྲལ།། མ་བཅོས་སྙིང་པོ་ཇི་བཞིན་གསལ་བས་ན།། རང་བྱུང་ཡེ་ཤེས་ཀུན་བྱེད་རྒྱལ་པོ་ནི




iiif viewer powered by OpenSeadragon

24a - 25a

Texts on this page

Gbr001.6 -