| | e-texts navigator
|
24a1 བཤད་པ་ཡང་།། སྐྱེ་བ་མེད་པའི་དོན་དུ་བསྡུས་ཏེ་བསྟན།། སྐྱེ་མེད་རྟོགས་པའི་དོན་ལས་མ་ཡེངས་པས།། བསྒོམ་པའི་མདོ་ལུང་བཅུ་རུ་བསྡུས་ཏེ་བསྟན།། འདི་ལས་འཕྲོས་ཤིང་ཐམས་ཅད་འདྲིར་འདུས་པས།། རྒྱུད་ཀྱི་རྩ་བ།
24a2 དོན་གྱི་འགྲེལ་པའི་ལུང་།། ཀུན་བྱེད་ང་ཡི་སྲས་སུ་གྱུར་པ་ལ།། མིང་གི་དོན་མཚོན་སྐྱེ་མེད་རྟོགས་ཕྱིར་བསྟན།། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ནན་ཏན་གྱིས།། ཐེག་པའི་རྩ་བ་བྱང་ཆུབ་སེམས་ཀྱི་ལུང་།། ཀུན་བྱེད་རྒྱལ་པོས་བསྡུས་པའི་རྩ་བ་འདི
24a3 སེམས་དཔའ་རྡོ་རྗེས་ལེགས་པར་རྟོགས་གྱུར་ན།། རྒྱལ་བའི་རྒྱལ་བ་ཀུན་བྱེད་རྒྱལ་པོར་འགྱུར།། དེ་ཕྱིར་ཀུན་བྱེད་ང་ཡི་འཁོར་རྣམས་ལ།། སེམས་དཔའ་རྡོ་རྗེས་དོན་འདི་ལུང་སྟོན་ཅིག། སྐྱེ་མེད་བྱང་ཆུབ་སེམས་སུ་ལུང་སྐྱོན་ཅིག། འཁོར
24a4 འདས་དབྱིངས་སུ་གཅིག་པར་ལུང་སྟོན་ཅིག། རྒྱུ་འབྲས་དུས་གཅིག་རྫོགས་པར་ལུང་སྟོན་ཅིག། ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། དགོངས་དོན་ལྡེ་མིག་གི་ལེའུ་སྟེ་བརྒྱད་ཅུ་རྩ་གཅིག་པའོ།། །
24a5 དྲི་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་གུས་པའི་སེམས་ཀྱིས་བསྟོད་པ།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱང་རྒྱལ་པོ་ཁྱེད།། དུས་གསུམ་རྒྱལ་བའི་རང་བཞིན་ཆོས་ཀྱི་དབྱིངས།། འཁོར་བ་མི་སྤྱོད་ཐུགས་རྗེ་ཕྱོགས་རིས
24a6 མེད།། སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད།། འདས་པའི་སངས་རྒྱས་ཀུན་བྱེད་ཁྱོད་ཀྱིས་བྱས།། མ་བྱོན་པ་དང་ད་ལྟར་བྱེད་ཅིང་མཛད།། སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད།། ཀྱེ་སྟོན་པའི
iiif viewer powered by OpenSeadragon
23b - 24b