| | e-texts navigator
|
23b1 ཅུ་བརྒྱུད།། དགུ་པ་དང་ནི་སོ་ལྔ་བཅུ་དགུ་དང་།། བཅོ་བརྒྱད་པ་དང་བརྒྱད་དང་བཞི་བཅུ་དང་།། ལྔ་བཅུ་རྩ་གཉིས་པ་ཡིས་བསྟན་པ་ཡིན།། རྒྱུ་འབྲས་འདས་པས་རྩོལ་སྒྲུབ་བྱ་མི་དགོས།། བདུན་པ་ཉིད་དུ་ངེས་པར་བསྟན་པ་ཡིན།། ཀྱཻ་སྟོན
23b2 པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། བྱ་མེད་རྫོགས་པའི་ལུང་བཅུ་བསྟན་པ་ནི།། ཉི་ཤུ་གཉིས་དང་སུམ་ཅུ་པ་དག་དང་།། ཉི་ཤུ་བཞི་དང་ལྡེ་བརྒྱ་ཉི་ཤུ་བདུན།། སུམ་ཅུ་གཅིག་དང་ཉེ་གསུམ་ཉི་ཤུ་དྲུག། ཞེ་བཞི་པ་དང་ལྔ་བཅུ་དྲུག་པས་བསྟེན
23b3 མ་བྱས་རང་བཞིན་རྫོགས་པར་བསྟན་པའི་ཕྱིར།། བཞི་བཅུ་གསུམ་པས་དེ་ཡི་དགོས་པ་བསྟན།། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། བསྟན་ལ་འབེབས་པའི་ལུང་བཅུ་བསྟན་པ་ནི།། ཞེ་བརྒྱད་པ་དང་སུམ་ཅུ་དགུ་པ་དང་།། བཞི་བཅུ
23b4 ལྔ་དང་སོ་བདུན་ཞེ་དྲུག་པ།། ཞེ་བདུན་པ་དང་ཞེ་དགུ་ང་གཅིག་པ།། ལྔ་བཅུ་པ་དང་ལྔ་བཅུ་གསུམ་པས་རྫོགས།། གཏན་ལ་ཕེབས་ནས་མ་བཅོས་བཅོས་མེད་པས།། བཞི་བཅུ་གཉིས་པས་དགོས་པ་བསྟན་པ་ཡིན།། ལྔ་བཅུ་བཞི་པས་རྩ
23b5 བའི་གཞི་བཅས་ནས།། ལྔ་བཅུ་བདུན་པས་གཏད་ཅིང་གདམ་པ་སྟེ།། རྩ་བའི་རྒྱུད་དེ་ཐོས་པར་གཅེས་པ་ཡིན།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱང་རྒྱལ་པོ་ཡིས།། བསམ་པས་གཏན་ལ་ཕབ་སྟེ་བསྟན་པ་ནི།། རྩ་བའི་རྒྱུད་དུ་གསུངས་པའི་དོན
23b6 རྣམས་ཀྱང་།། རྫོགས་པའི་རང་བཞིན་བཅུ་རུ་བསྟན་པའི་ཕྱིར།། རྟོགས་པའི་མདོ་ལུང་བཅུ་རུ་བསྟན་པ་ཡིན།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། བསྒོམས་པས་ངེས་པར་འབྱིན་པར་བཤད་པ་ནི།། རང་བཞིན་བཅུ་རུ་དགོངས་པས
iiif viewer powered by OpenSeadragon
23a - 24a