| | e-texts navigator
|
22b1 འཁོར་ལ་ལུང་པོག་པ།། མུ་སྐྱེས་སྐྱེ་མེད་རྟོགས་པའི་རྣལ་འབྱོར་པ།། རང་བཞིན་བཅུ་ལ་བཙལ་བར་མ་བྱེད་ཅིག། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། ཤེས་པས་གཟུང་འཛིན་མི་ཤེས་སྤང་མེད་པས།། རྟོགས་པས་དབང་བསྒྱུར་དྲོན།
22b2 ལ་གནས་པ་ཡིས།། ཀུན་བྱེད་རྒྱལ་པོའི་དགོངས་པ་ལྷུན་གྱིས་གྲུབ།། ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ལྷུན་གྲུབ་རེ་དོགས་བཅད་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས
22b3 ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ།། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས།། ཇི་ལྟར་སྣང་བའི་ཆོས་ནི་ཁྱོད་ཀྱི་བྱས།། བསྟན་པའི་དམ་ཆོས་མ་ལུས་ཁྱོད་ཀྱི་བཀོད།། དམ་པའི་རང་བཞིན་ཁྱོད་ཀྱིས་བསྟན་པ
22b4 ན། ཁྱོད་ཀྱི་རང་བཞིན་རྟོགས་ན་ཆོས་ཀུན་རྟོགས།། དེ་བས་ཀུན་བྱེད་ཉིད་ཀྱི་རང་བཞིན་འདི།། འདུས་པའི་ཚོགས་ཀྱིས་གསལ་བར་མ་རིག་པས།། དོན་ཀུན་ཇི་ལྟར་གནས་པ་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བྱང་ཆུབ
22b5 ཀྱི་སེམས་ཀུན་བྱེད་རྒྱལ་པོས། མདོ་ལུང་རྒྱུད་ལས་བཏུས་པ་འདི་གསུངས་སོ།། ཀྱཻ་སེམས་དཔའ་རྡོ་རྗེ་ལེགས་པར་ནན་ཏན་གྱིས།། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། འཁོར་ལ་མདོ་ལུང་བསྡུས་པ་འདི་ཕོག་པས།། ལེགས
22b6 པར་བསྟན་པའི་དོན་ལ་ནན་ཏན་གྱིས།། ཀཱཾ་ང་ཡི་རང་བཞིན་སྐྱེ་མེད་དོན་གཅིག་ལ།། རྒྱུད་ཀྱི་རང་བཞིན་རྣམ་པ་གསུམ་དུ་བསྟན།། གདམས་པ་རྣམ་པ་གསུམ་གྱི་རིམ་པ་ཡིས།། རྒྱུད་ནི་རྩ་བའི་རྒྱུད་དང་ཕྱི་མ་དང་།། ཕྱི་མའི་ཕྱི་མས
iiif viewer powered by OpenSeadragon
22a - 23a