e-texts navigator
Collection
Volume
Page
Wylie

22a1 @ཀྱཻ་སེམས་དཔའ་རྡོ་རྗེ་ལེགས་པར་ང་བསྒོམས་ཤིག། ལྷུན་གྲུབ་རྟོག་དཔྱོད་འདས་པའི་སྙིང་པོ་ལ།། གྲུབ་དང་མ་གྲུབ་དོན་ལ་རྟོག་མི་བྱེད།། དེ་ཕྱིར་ཁྱོད་ཀྱང་རྟོག་པར་མ་བྱེད་ཅིག། ཀྱེ་ལྷུན་གྲུབ་བྱ་བཙལ་འདས་པའི་སྙིང་པོ་ལ།། གང་།
22a2 ཞིག་ཕྱོགས་བཟློག་མེད་པའི་ཞེན་པ་ནི།། ཇི་ལྟར་བུས་པ་མཁའ་ལ་རྩོད་པ་བཞིན།། ཀུན་བྱེད་ང་ཡི་རང་བཞིན་མཐོང་མི་འགྱུར།། གང་གིས་གང་སྤངས་བཟློག་པར་འདོད་པ་ནི།། རེ་དོགས་འཇིགས་པའི་སེམས་དང་མ་བྲལ་བས།། མཐའ་བྲལ་མཐའ
22a3 ལ་ཞེན་པའི་གང་ཟག་ལ།། ལྷུན་གྲུབ་སྙིང་པོའི་དོན་ལ་ཇི་ལྟར་རེག། ཀྱཻ་སེམས་དཔའ་རྡོ་རྗེ་ལེགས་པར་དེ་བསྒོམས་ཤིག། མ་སྐྱེས་རྣམ་པར་དག་པའི་དོན་སྣང་བས།། སྣང་བ་དངོས་པོར་མི་ལྟ་འཇིག་མི་བྱེད།། སྣང་བ་སྐྱེ་བ་མེད་པར་རང་གྲོལ་བས།། །
22a4 སྟོང་པ་མི་བསྒོམ་ཇི་བཞིན་རྟོགས་པས་གྲོལ།། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས།། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།། མ་སྐྱེས་རྣམ་པར་དག་པའི་ལུང་བསྟན་པས།། ཇི་ལྟར་སྐྱེ་བ་སྙིང་པོ་ཉིད་དུ་རྟོགས།། ཀཱི་ང་ལས་བྱུང་བའི
22a5 སྐུ་གསུམ་སྟོན་པ་ལ།། སེམས་ཉིད་སྐྱེ་མེད་ཡིན་པར་ཀུན་སྨྲ་ཞིང་།། རང་བཞིན་མེད་པའི་དོན་ལ་ཀུན་རྩོད་ཀྱང་།། སྐྱེ་མེད་མངོན་དུ་ཀུན་གྱིས་རྟོགས་པ་མེད།། དེ་ཕྱིར་ཀུན་བྱེད་རྒྱལ་པོའི་ལུང་འདི་ལ།། ཤེས་ནས་མ་ཡངས་དོན་ལ་གནས་པ་ལས།།
22a6 རྩོལ་བས་མི་འཇུག་གཉེན་པོས་སེམས་མི་སྦྱོང་།། ཡུལ་ལ་མི་འཇོག་དྲན་པའི་སེམས་མི་སྡུད།། གང་ལྟར་བྱུང་བ་དེ་ཉིད་དོན་ཡིན་པས།། ཀུན་བྱེད་ང་ཡི་དོན་ལ་འཇུག་པར་གྱིས།། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། མ་བཅོས་སེམས་ཀྱི




iiif viewer powered by OpenSeadragon

21b - 22b

Texts on this page

Gbr001.6 -