| | e-texts navigator
|
21b1 ཇི་ལྟར་སྣང་གྲགས་ཆོས་རྣམས་ཐམས་ཅད་ལ།། སྙིང་པོ་རྟོགས་གོམས་དོན་ཉིད་གཅིག་ལས་མེད།། སྙིང་པོ་མངོན་དུ་ཕྱུང་ནས་གང་བསྟན་པ།། རང་བཞིན་སྐྱེ་བ་མེད་པའི་དོན་དུ་རྟོགས།། མ་ཡེངས་རེ་དོགས་ཆད་པ་དགོངས་པ་ཡིན།། ཀྱཻ
21b2 སེམས་དཔའ་རྡོ་རྗེ་ལེགས་པར་ད་བསྒོམས་ཤིག། ཇི་ལྟར་སྣང་བའི་ཆོས་སུ་གང་བསྟན་པ།། ཀུན་བྱེད་རྒྱལ་པོས་མཚོན་པའི་ཐབས་སུ་བསྟན།། ཐབས་དེའི་ལུང་དང་འགལ་བར་མ་བྱེད་ཅིག། ཀུན་བྱེད་པ་ཡི་སྲས་སུ་ཞུགས་རྣམས་ཀྱིས།།
21b3 ཀུན་ཀྱང་སྐྱེ་མེད་དོན་དུ་རྟོགས་གྱུར་ན།། འཁོར་དང་མྱ་ངན་འདས་པར་མི་སེམས་ཏེ།། སྙིང་པོ་རང་བཞིན་རྟོགས་དཔྱོད་བྲལ་བར་བསྟན།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། མི་སྒྲིབ་པའི་ལེའུ་སྟེ་བདུན་ཅུ་དགུ
21b4 པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། ལྷུན་གྲུབ་རི་དགས་ལས་འདས་པའི་དགོངས་པ་འདི་གསུངས་སོ།། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་བསྒོམས་ཤིག། ང་ནི་སྟོན་པ་ཀུན་བྱེད
21b5 རྒྱལ་པོ་སྟེ།། ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ།། སྐྱེ་མེད་སེམས་ཀྱི་རང་བཞིན་ཉིད་དུ་བསྟན།། ཀྱེ་སེམས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར།། གྲུབ་དང་མ་གྲུབ་གཉིས་སུ་ལུང་མི་སྟོན།། བདི་དང་སྡུག་བསྔལ་གཉིས་སུ་རྟོག
21b6 མི་བྱེད།། འཁོར་དང་མྱ་ངན་འདས་པར་རི་དོགས་བྲལ།། ལྷུན་གྲུབ་སེམས་ཀྱི་རང་བཞིན་ཅིར་སྣང་བས།། མ་བྱུང་སྟོང་པའི་དོན་དུ་སྨྲ་མི་བྱེད།། གཞི་རྩ་སྙིང་པོ་རྟོག་དཔྱོད་ལས་འདས་པས།། གྲུབ་ཅིང་བསྟན་པོའི་ཕྱོགས་སུ་ཞེན་མི་བྱེད།།
iiif viewer powered by OpenSeadragon
21a - 22a