| | e-texts navigator
|
20b1 དཔྱོད་བསམ་མི་བྱེད།། མ་བཅོས་ཇི་བཞིན་པ་ལ་འཆོས་མི་བྱེད།། བྱ་བ་གྲང་བཏང་ཅི་སྣང་ཆོས་ཉིད་ལ།། མ་བསམས་རང་བཞིན་བཞག་པས་གྲོལ་བར་སྟོན།། ཀྱཻ་སེམས་དཔའ་རྡོ་རྗེ་ཆེན་པོ་དེ་བསྒོམས་ཤིག། བླང་དོར་མེད་པའི་ཆོས་ཉིད་བྱང་ཆུབ།
20b2 ལ།། མཁའ་ལྟར་གནས་པས་ལུས་སེམས་བཅོས་སུ་མེད།། འདུ་ཤེས་ཞེ་འཛིན་མེད་པས་བསྒོམ་དུ་མེད།། མཁའ་ལྟར་བཞི་རྙོག་པ་ཀུན་བྲལ་ལ།། ཡུལ་ལ་མི་འཇུག་དགོས་པའི་དམིགས་ཡུལ་བྲལ།། ཀྱཻ་སེམས་དཔའ་རྡོ་རྗེ་ལེགས་པར་ང་བསྒོན།
20b3 ཤིག། དབང་པོ་ཡུལ་ལ་མི་རྟོག་སེམས་མི་སྡུད།། གཉེན་པོ་མ་བརྟེན་ལུས་སེམས་རྒྱུད་མ་སྦྱོང་།། ལུས་སེམས་མ་བཅོས་སྙིང་པོའི་དོན་དུ་རྟོགས།། ཀྱཻ་ཀུན་བྱེད་རྒྱལ་པོ་ང་ཡི་སྤྱོད་པ་ནི།། མ་བཙལ་ལྷུག་པར་གནས་པས་དོན་ཀུན་རྫོགས།།
20b4 སྙིང་པོའི་དོན་དུ་འདུས་པས་བླང་དོར་མེད།། རེ་དོགས་རྣམ་པར་ཆད་པས་མྱ་ངན་འདས་མི་བསྒོམ།། ཀུན་བྱེད་ང་ཡི་སྤྱོད་པ་གང་རྟོགས་པས།། དུས་གསུམ་སྐྱེ་མེད་དོན་དུ་མཉམ་པ་ལ།། འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས།། འདི་ནི་བླང་དེར
20b5 མེད་པར་ལུང་བསྟན་ཏོ།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས།། མཉམ་པ་ལ་བླང་དོར་མེད་པའི་ལེའུ་སྟེ་བདུན་ཅུ་བརྒྱད་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། རང་བྱུང་སྙིང་པོའི
20b6 ང་ལ་སྒྲིབ་པ་གསལ་དུ་མེད་པའི་དགོངས་པ་འདི་གསུངས་སོ།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། སྙིང་པོ་སྒྲིབ་མེད་དགོངས་པ་ལུང་བསྟན་པ།། ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ལ།། སྒྲ་མེད་ཆོས་ཀྱི་དབྱིངས་སུ་ཀུན་གཅིག་པ
iiif viewer powered by OpenSeadragon
20a - 21a