| | e-texts navigator
|
20a1 ཆུབ་ཀྱི་ཀུན་བྱེང་རྒྱལ་པོ་ལས། དོན་ལ་སྤྱང་མེད་ཀྱི་ལེའུ་སྟེ་བདུན་ཅུ་བདུན་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་མཉམ་པ་ལ་བླང་དོར་མེད་པའི་དགོངས་པ་འདི་གསུངས་སོ།། ཀྱེ་སྟོན་པའི།
20a2 སྟེན་པ་ཀུན་བྱེད་རྒྱལ་པོ་ཡིས།། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། ཇི་བཞིན་མ་བཅོས་གནས་པའི་དགོངས་པ་ལ།། བླང་དང་དོར་བ་ཡོད་པར་ལུང་བསྟན།། སྐྱེ་མེད་རང་བཞིན་སྒྲོ་སྐུར་བྲལ་བ་སྟེ།། བླང་དང་དོར་བ་སྒྲོ་སྐུར་དོན་དུ་བསྟན།།
20a3 ཞིག་སྙིང་པོའི་དོན་ལ་བཞུགས་པ་ཡིས།། སྒོ་སྐུར་འདས་པ་སྙིང་པོའི་དོན་དུ་བསྟན།། གང་ཡང་བསམ་པ་ཀུན་ལས་འདས་བྱེད་པ།། བླང་དོར་མེད་པར་རྟོགས་པར་ལུང་བསྟན་ཏོ།། ཀྲཱྀ་སེམས་དཔའ་རྡོ་རྗེ་སྙིང་པོའི་དོན་ལ་བསྒོམས།། ང་ནི་མ་ནེ་གྱི
20a4 སྙིང་པོ་ལ།། བླང་དེར་རྣམ་རྟོག་བཅེས་པའི་ཡུལ་མེད་དེ།། རང་བཞིན་བདེ་བ་མཆོག་གིས་གོམས་པར་བྱེད།། ཀུན་བྱེད་རྟོགས་ན་སྙིང་པོར་ཀུན་གནས་པས།། སྙིང་པོའི་དོན་ལ་བླང་དོར་ལུང་མ་བསྟན།། སྐྱེ་ཞིང་འཇིགས་པའི་ཆོས་སུ་ལུང་མ་བསྟན།།
20a5 བཟང་ངན་གཙང་རྨེའི་ཆོས་སུའང་ལུང་མ་བསྟན།། རྟོག་དཔྱོད་བསམ་པའི་ཡུལ་ལས་འདས་པར་བསྟན།། ཀྱཻ་སེམས་དཔའ་རྡོ་རྗེ་ངས་པར་ད་བསྒོམས་ཤིག། བསྒོམ་དང་བསྒོམ་པར་བྱ་བའི་ཡུལ་ཉིད་ནི།། མ་བཅོས་ཀུན་བྱེད་སེམས་ཀྱི་རང་བཞིན་ལ།
20a6 བསྒོམ་དང་མི་བསྒོམ་གླེའི་ཡུལ་ལས་འདས།། ཀྵེ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི།། ང་ཡི་འཁོར་དུ་འདུས་པའི་ཚོགས་རྣམས་ལ།། བླང་དང་དོར་བའི་ཆོས་ཉིད་ང་མི་སྟོན།། གཅིག་ལ་གཉིས་སུ་དབྱེ་བའི་ཆོས་མི་སྟོན།། རྟོག་དཔྱོད་འདས་ལ་རྙོག
iiif viewer powered by OpenSeadragon
19b - 20b