e-texts navigator
Collection
Volume
Page
Wylie

19a1 ནས།། རྟོགས་པའི་ཀློང་ལ་དྲན་ཞིང་འདྲིས་པ་ལས།། བསྒོམ་ཞིང་འཇུག་ཏུ་མེད་པར་ལུང་སྟོན་ཅིག། ཀྵུཾ་ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས།། མ་ལུས་ཀུན་བྱས་བྱང་ཆུབ་སེམས་སུ་བྱས།། སེམས་ཉིད་སྐྱེ་བ་མེད
19a2 པའི་ལམ་དུ་བྱས། སྐྱེ་མང་བདྲེ་བའི་ལམ་ལ་འཇུག་ཏུ་མེད།། སྐལ་ལྡན་རྒྱལ་སྲས་དམ་པར་ངེས་པ་ལ།། ཀུན་བྱེད་དུ་ཡི་ལམ་འདི་གོམས་བྱས་ནས།། བགྲོད་མེད་བཙལ་མེད་སྙིང་པོའི་དོན་རྟོགས་ནས།། ཀུན་བྱེང་རྒྱལ་པོ་ཉིད་དུ་ཐེ་ཙོམ་མེད།།
19a3 ཅེས་གསུངས་སོ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། སྙིང་པོ་དོན་ལ་གནས་པའི་ལེའུ་སྟེ་བདུན་ཅུ་དྲུག་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དོན་ལ་སྦྱང་དུ་མེད་པ་འདི་གསུངས་སོ།། ཀྵེ་སེམས
19a4 དཔའ་རྡོ་རྗེ་རྫོགས་པའི་དོན་ལ་བསྒོམས།། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། བསམ་གྱིས་མི་ཁྱབ་ངེས་པའི་ལུང་བསྟན་པ།། སྙིང་པོ་རྟོགས་པའི་ས་ཞེས་བཀད་པ་ཡིན།། བདེ་ཆེན་ངེས་པའི་དུས་སུ་གང་བསྟན་པ།། དེ་ནི་གོམས་པའི་ས་ཞེས་བ
19a5 པ་ཡིན།། གཞན་ངག་རྩོལ་ཞིང་སྤྱོད་པའི་ཁྱད་པར་དག། ཁམས་གསུམ་འཁོར་བའི་སྙིང་པོ་སྒྲུབ་པའི་ས།། ས་ཞེས་བྱ་བ་གནས་པའི་ཁྱད་པར་ཏེ།། གང་ལ་གང་གནས་དེ་ནི་ས་ཡིན་ནོ།། ཀྱཻ་སྐུ་གསུམ་སྟོན་པའི་ས་ལ་གྲངས་བསྟན་ཀྱང་།། ཀུན་བྱེད
19a6 རྒྱལ་པོའི་ས་ལ་རིམ་པ་མེད།། ས་རངས་ཡི་སྒྲིབ་པའི་ཁྱད་ཡོད་ཅིང་།། སྐུ་གསུམ་སྟོན་པས་འཁོར་ལ་བསྟན་པ་ཡིན།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེང་རྒྱལ་པོ་ཡིས།། མཉམ་ཉིད་སྐྱེ་བ་མེད་པའི་རང་བཞིན་ལ།། ཐབས་དང་སྙིང་པོ་རྟོགས་པའི་གང




iiif viewer powered by OpenSeadragon

18b - 19b

Texts on this page

Gbr001.6 -