| | e-texts navigator
|
18b1 འདི་ལ།། བགྲོད་པའི་ཡུལ་ལས་འདས་པས་བགྲོད་མ་བྱེད།། ལམ་ལ་མི་བགྲོད་ས་ལ་མི་སྦྱོང་ཞིང་།། མི་རྟོག་བདེ་ལ་གནས་པས་ལྷུན་གྱིས་གྲུབ།། ཀྱཻ་ཀུན་བྱེད་རྒྱལ་པོ་ང་ཡི་ལམ་ཉིད་ནི།། ཆོས་ཀྱི་དབྱིངས་སུ་གཅིག་པས་བགྲོད་དུ་མེད།།
18b2 སྙིང་པོའི་དོན་དང་འགྲོགས་པས་ཡེངས་པ་མེད།། ཐིག་ལེ་གཅིག་ཏུ་བསྡུས་པས་གར་མི་འགྲོ།། ཀྵིཾ་དེ་ཡི་དོན་ལ་སེམས་དཔའ་རྡོ་རྗེ་བསྒོམས།། བསྒོམ་དུ་མེད་པའི་དོན་ལ་མ་བསྒོམས་ན།། མཚན་མའི་གྲངས་ལ་བསྐལ་པ་བརྒྱར་བསྒོམས
18b3 ཀྱང་།། ཀུན་བྱེད་ང་ཡི་དགོངས་པ་རྟོགས་མི་འགྱུར།། རྣམ་རྟོག་ཡུལ་ལ་མཚན་མ་གྲངས་ལས་འདས།། ཀུན་བྱེད་བྱ་མི་དགོས་པ་བྱར་ཡང་མེད།། བྱ་བ་མཚན་མའི་རྣལ་འབྱོར་རྗེས་ཞུགས་ཤིང་།། བྱ་བས་མི་ཟིན་རྟོག་པས་རྟོག་པ་འཇི
18b4 ཆུ་ལས་རྙོག་པ་བཞིན་ཏེ་བྱིས་པ་སླུས།། ཀྵེ་སེམས་དཔའ་རྡོ་རྗེ་དོན་ལ་ལེགས་པར་བསྒོམས།། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ།། དུས་གསུམ་སངས་རྒྱས་ཀུན་གྱི་ལམ་འདྲེན་པས།། ཁྱོད་ཀྱང་ང་ཡི་ལམ་ལ་ལེགས་པར་ཞུགས།།
18b5 འདས་པའི་སངས་རྒྱས་སྐྱེ་མེད་ལམ་དུ་ཞུགས།། མ་བྱོན་སྐྱེ་མེད་ལམ་ལྔ་འཇུག་པར་འགྱུར།། ད་ལྟར་སངས་རྒྱས་སྐྱེ་མེད་ཉིད་ལ་གནས།། དེས་ན་ཀུན་བྱེད་རྒྱལ་པོ་ཀུན་གྱི་ལམ།། ཀྱེ་ལམ་འདིར་འཇུག་ཅིང་བསྒོམ་པའི་རྣལ་འབྱོར་པ།།
18b6 ད་ལྟ་ཉིད་ནས་སངས་རྒྱས་ས་ལ་གནས།། དགོངས་པོ་མི་འཛིན་ཕྱོགས་རིས་གཟུང་དུ་མེད།། སྙིང་པོ་ལམ་ལ་འཇུག་དང་མི་འཇུག་འདས།། ཀྱེ་རྣལ་འབྱོར་དུས་གཅིག་འཇུག་པའི་སྐལ་ལྡན་ལ།། ཀུན་བྱེད་རྒྱལ་པོའི་དགོངས་པ་བརྟན་བྱས
iiif viewer powered by OpenSeadragon
18a - 19a