| | e-texts navigator
|
3a1 སྡིགས་མཛུབ་དང་ཞགས་པ་བསྡམས་པ། དཔུད་པར་དྷྲྀ་ཀ་ར་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ན་གསོད་པའི་སྟ་རེ་ཕྱུར་བ། གཡོན
3a2 ན་ཕུར་པ་འདྲིལ་བའོ།། རྟ་མགོའི་སྐྱེད་ན་རྡོ་རྗེ་སེམས་དཔའ་དཀར་པོ།། གཱ་ཡས་རྡོ་རྗེ་རྩེ་དགྲ་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་དཀལ་བརྟེན་པའོ།། དེ་ལྟ་བུའི་བཅོམ་ལྡན་འདས
3a3 དེ་ལ། འཁོར་དཔག་ཏུ་མེད་པའི་ཚོགས་འདི་ལྟ་སྟེ། པདྨ་ཧེ་རུ་ཀ་ལ་སོགས་རིགས་ཀྱི་ཁྲོ་བོ་ལྔ་དང་། ཡུམ་གྲོ་དྷཱི་ཤྭ་རི་མ་དང་། རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད
3a4 དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། སངས་རྒྱས་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། དམ་ཚིག་སྒྲོལ་མ་དང་།
3a5 ནམ་མཁའ་དབྱིངས་ཕྱུག་མ་དང་། རྡོ་རྗེའི་རྡོ་རྗེ་དང་། རྡོ་རྗེ་ལས་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རལ་གྲི་དང་། རྡོ་རྗེ་བེཅོན་དང་། རྡོ་རྗེ་ཐོ་བ་དང་། རྡོ་རྗེ་མཻ་ཏྲི
3a6 འཇོམས་མ་རེག་དང་། འཇོམས་མ་ཡིད་དང་། འཇོམས་མ་དྲི་དང་། འཇོམས་མ་རོ་དང་། འཇོམས་མ་དུས་དང་། འཇོམས་མ་ཆེན་མོ་འབྱུང་བ་ལྔ་དང་། འཇོམས་མ་ཆེན
iiif viewer powered by OpenSeadragon
2b - 3b