e-texts navigator
Collection
Volume
Page
Wylie

8a1 མེད་པར་བརྟག། མིག་ཟུར་གཉིས་ལ་དབྱིངས་འབྱུང་བས།། འོད་ནི་ཕྲུ་ལ་འཁྲིལ་བ་འབྱུང་།། དེ་ལས་ངོ་བོ་ལུ་གུ་རྒྱུད་ལྟར་འབྱུང་།། ཕྲ་དང་འཁྱུག
8a2 དང་འགྱུ་བའོ།། མིག་ནི་ནམ་མཁའི་ཁམས་སུ་བལྟ།། སངས་རྒྱས་སྐུ་ཡི་ཐིག་ལེར་འཆར།། དེ་ཉིད་གོམས་པའི་དྲོད་རྙེད་ནས།། རིག་པའི་སྒྲ་ན་ལུ་གུ་རྒྱུད།། སྐུ་དང་བཅས་པ
8a3 སྣང་བའོ།། སྣང་བ་གཅིག་ཆོད་དགོངས་པ་ནི།། རིག་པ་ཉིད་ནི་བཞགས་བཙལ།། གསང་བའི་གསང་བ་ཆེན་པོ་སྟེ།། སྣང་བ་སྟོབས་ཀྱི་ཕ་རོལ་སྒྲོལ།། ཆགས་པས་མ་བཅིངས
8a4 རང་སྣང་།། དེ་ལ་གས་སྔགས་ཉིད་ཀྱི་སྐུ།། ལུག་རྒྱུད་དུ་རབ་ཏུ་གསལ།། ས་ལ་ཟུང་གིས་ཀུན་ལ་ཁྱབ།། སྣ་ཚོགས་པར་ཡང་འཆར་བར་བཤད།། རིག་པའི་སྣང་བ་ཐབས
8a5 མཁས་པས།། གསང་སྔགས་ལམ་ནི་སྣ་ཚོགས་པས།། སངས་རྒྱས་སྐུ་ནི་སྣ་ཚོགས་པའོ།། འཁྲུལ་རྟོག་བློ་ནི་བསམ་མི་ཁྱབ།། དམིགས་པའི་ཡུལ་ཉིད་རྣམ་དག་པས།། མཚན
8a6 མའི་ཆོས་ནི་བརྗོད་ལས་འདས།། སྣང་བའི་རྐྱེན་ལྔ་འོད་དུགས་ལ།། ཕྲ་རགས་རིམ་པ་གཉིས་མེད་དེ།། རིག་པའི་ཡེ་ཤེས་སུ་ཡི་ཀློང་དུ་ཐིམ།། འགག་མེད་འོད་ལྔ་ཡུལ་སྣང




iiif viewer powered by OpenSeadragon

7b - 8b

Texts on this page

Gaz003.002 - yi ge med pa'i rgyud chen po zhes bya ba / rin po che rgyal mtshan gyi rgyud / rgyal po'i gdung rgyud / lta ba nam mkha' dang mnyam pa'i rgyud chen po