| | e-texts navigator
|
6b1 པ་ཆེན་པོ། གཉིས་ལྟར་སྣང་བ་ལ་ཡོངས་སུ་རྫོགས་པ་ཆེན་པོ། མཛེས་པ་ལ་རྒྱུན་མེད་པ་ཆེན་པོ། གང་བ་ལ་སྤྱོང་པ་ཆེན་པོ། སྨིན་པ་ལ་མརྫོགས་པ་ཆེན་པོ། སྐུ་ལྷུར་སྣང་བ་ལ
6b2 འགྲོ་འོང་མེད་པ་ཆེན་པོ། ཨེ་མ་ཧོ།། ཤིན་ཏུ་གསང་བའི་དགོངས་པ་ཆེན་པོས། རང་རིག་འདུག་ཚུལ་གྱི་དེ་བཞིན་ཉིད་ལ་གནས་པར་བྱ་སྟེ། ཐིག་ལེ་ཉག་གཅིག་ཡེ་ཤེས་ཀྱི
6b3 གནས་ལུགས་ཆེན་པོ་ནི། གང་གི་ཕྱོགས་སུ་བལྟས་པས་གྲུབ་པ་མེད་པ་ཉིད་དོ།། དེ་ཡང་རིགས་ཀྱི་བུ་གྲོང་ཁྱེར་ཆེན་པོ་ལས་འདས་ཏེ། ནགས་ཀྱི་ཀློང་ཆེན་པོའི་དགོན་པར་གནས
6b4 པར་གྱིས་ཤིག། ཕྱི་ནང་གི་བྱ་བ་དང་བྲལ་བར་བྱས་ཏེ། ལྟ་བའི་འཁྱེར་སོ་ཆེན་པོ་བཞི་པོ་འདི་དང་མ་བྲལ་ན། སངས་རྒྱས་ཀྱི་བདེན་པ་དང་མ་བྲལ་བར་བར་དོ་མེད་པར་སྐད་ཅིག་མ
6b5 ལ་འཚང་རྒྱའོ།། ཐུགས་རྗེའི་སྒོམ་འགགས་པར་སྤྲུལ་པ་ཆེན་པོ་ཕྱོགས་བཅུར་མཛད་དོ།། དེ་ཡང་འདི་ལྟར་ཤེས་པར་བྱའོ།། རི་བོ་ཅོག་བཞག་གི་ལྟ་བ་དང་། རྒྱ་མཚོ་ཆོག་བཞག
6b6 སྙི་དགོངས་པ་དང་། རིག་པ་ཅོག་བཞག་གི་མན་དགེ་བསྟན་པ་དང་། སྣང་བ་ཅེར་བཞག་གི་ཐབས་བསྟན་པའོ།། ཨེ་མ་ཧོ།། སངས་རྒྱས་ཆེན་པོའི་མཛད་སྤྱོད་ནི།། ཅོག་བཞག
iiif viewer powered by OpenSeadragon
6a - 7a