e-texts navigator
Collection
Volume
Page
Wylie

6a1 འདི་ལྟ་སྟེ། རིག་པ་ཡེ་ཤེས་སུ་མ་ནོར་བར་བསྟན་པ། མི་འགྱུར་བ་རྩ་བའི་ལུར་ཆེན་པོ།། ཡངས་པ་ཆོས་ཉིད་ཀྱི་སྣང་བ་ཆེན་པོ།། དགོངས་པ་ཐོས་ཉིད་ཀྱི་སྟོབས
6a2 ཆེན་པོ། ལྟ་བ་རང་བྱུང་གི་འགྲོ་ས་ཆེན་པོ། མི་འགྱུར་བའི་གཟེར་ཡི་གེ་ཆེན་པོ། བརྟགས་པར་དཀའ་བའི་འཕྱོངས་ཆེན་པོ། བལྟ་བར་དཀའ་བའི་མེ་ལོང་ཆེན་པོ། བགྲོད་པར
6a3 དཀའ་བའི་ལམ་ཆེན་པོ། གནས་པར་དཀའབའི་ཡུལ་ཆེན་པོ། ཕྱིན་པར་དཀའ་བའི་ས་ཆེན་པོ། མེད་བཞིན་དུ་སྣང་བའི་སྣང་བ་ཆེན་པོ། གཏིང་མེད་པའི་དཔག་པར་དཀའ
6a4 བ་ཆེན་པོ། ཁྱབ་པ་མེད་པའི་ཡིག་དང་ས་ཆེན་པོ། ཤེས་པ་ཆེན་པོ་ལ་གཅོད་བྱེད་ཆེན་པོ། ཡུལ་རིག་གཉིས་སུ་མེད་པའི་དགོངས་པ་ཆེན་པོ། བིམས་པོ་མེད་པའི་སྣང་བ་ཆེན
6a5 པོ། མི་འགྱུར་བའི་ཡེ་ཤེས་གསལ་བ་ཆེན་པོ། ཕྲ་བ་ལ་བཟུང་བར་དཀའ་བ་ཆེན་པོ། ཆེ་བ་ལ་མཐོང་བ་མེད་པ་ཆེན་པོ། ཟླུམ་ལ་དབྱིབས་མེད་པ་ཆེན་པོ། འཁྲུག་པ་ལ་དབུགས
6a6 མེད་པ་ཆེན་པོ། གསལ་བ་ལ་མདོག་གནག་པ་ཆེན་པོ། མེད་པ་ལ་གཉེན་པོ་ཆེན་པོ། སྣང་བ་ལ་བརྟགས་དཀའ་བ་ཆེན་པོ། སྟོང་པ་ལ་སྣང་བ་ཆེན་པོ། གཅིག་པ་ལ་རྒྱ་མཚད།།




iiif viewer powered by OpenSeadragon

5b - 6b

Texts on this page

Gaz003.002 - yi ge med pa'i rgyud chen po zhes bya ba / rin po che rgyal mtshan gyi rgyud / rgyal po'i gdung rgyud / lta ba nam mkha' dang mnyam pa'i rgyud chen po