e-texts navigator
Collection
Volume
Page
Wylie

5b1 དལ་པར་འདུག་ན་རྩལ་གསུམ་ལུས་ལ་འབྱུང་།། ཐུད་ཀ་གྲོགས་སུ་ཤེས་ན་ཅོག་བཞག་གཅིག་གི་ངང་།། དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ།། སྣང་བ་ཆེན་པོ་ཀུན
5b2 ཡང་དག་གནས།། གསང་བ་སྔགས་ཀྱི་དངོས་པོ་དེ་ཉིད་དོ།། ཞེས་ཡི་གེ་མེད་པའི་སྤྱོད་གསང་བ་ཉིད་ལས། རྗེས་སུ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། བ་མ
5b3 རྒ།། ། དེ་ནས་རིག་པའི་རང་བཞིན་གང་ཡང་མ་འགགས་པར་གསལ་བའི་དགོངས་པ་ལ་སྙོམས་པར་བཞུགས་སོ།། དེ་ནས་མེད་བཞིན་དུ་སྣང་བའི་བདག་པོས་འདི་སྐད་ཅེས་ཞུས
5b4 ནས་པ་དས་པ་ས། ཡང་དག་པ་རྫོགས་པ་སངས་རྒྱས་དག་པའི་དག་ས་གས་རྟེ་གསང་དུག། ས་།
5b5 གནས་ལུགས་ཀྱི་རིག་པོས།། སྣང་བ་ཐབས་ཀྱི་འཁོར་ལ་བཀའ་སྩལ་པ། ཀྱེ་མ། སྣང་རྒྱུད་མེད་ཀྱང་སྣང་བའི་འཁོར་རྣམས་ཉོན་ཅིག། ངས་སྒྲིབ་ཕྱོགས་ཀྱིས་མ་བསླབས
5b6 པའི་སྣང་བ་ཉིད་བསྟན་གྱིས། ཤིན་ཏུ་སྡང་བའི་དོན་ལམ་ཡེངས་པར་ཉོན་ཅིག། རྩ་བའི་དགོངས་པ་ཆེན་པོ་ནི། གྲངས་ནི་བཞི་ཡིས་གཏན་ལ་ཕེབས་པར་འགྱུར་རོ།། དེ་ཡང




iiif viewer powered by OpenSeadragon

5a - 6a

Texts on this page

Gaz003.002 - yi ge med pa'i rgyud chen po zhes bya ba / rin po che rgyal mtshan gyi rgyud / rgyal po'i gdung rgyud / lta ba nam mkha' dang mnyam pa'i rgyud chen po